ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་པ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་ཞིང་། ཨ་རིའི་བོད་དོན་ཆེད་དམིཊ་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་སྐོར་བསྒྲཊ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་ (Marco Rubio) མཆོག་གིས་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་འདུག་ལ། ཨ་རིའི་བོད་དོན་ཆེད་དམིགས་བསལ་བསྐོ་གཞག་གནང་ཡོད་པ་ཡང་བསྒྲགས་འདུག

འདི་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོ་མཆོག་གིས་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གི་ལས་འཁུར་དམ་འབུལ་ཞུས་པའི་རྗེས་སུ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་པའི་རྗེས་སུ་གཞུང་འབྲེལ་གྱི་གསལ་བསྒྲགས་གནང་པ་ཐོག་མར་དེ་ཆགས་ཡོད།

ཕྱི་སྲིད་དྲུང་ཆེ་མཆོག་གིས་གསལ་བསྒྲགས་ནང་། “བཀྲ་ཤིས་པའི་དུས་བཟང་འདིར། ངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་རི་ལེ་ ཨེམ་ བྷརནསི་ (Riley M. Barnes) ལགས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གི་གནས་ཚུལ་གསལ་བསྒྲགས་ཞུས་པར་ཧ་ཅང་དགའ་པོ་བྱུང་”ཞེས་བཀོད་གནང་འདུག

..
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་གསར་འཚམས་འཕྲིན། ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གིས་ལོ་གསར་འཚམས་འདྲི་དང་མཉམ་དུ་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་པ་བསྒྲགས། (US State Department)

ཕྱོགས་མཚུངས་ཕྱི་སྲིད་དྲུང་ཆེ་མཆོག་གིས་ད་དུང་། “བོད་ཀྱི་ལོ་གསར་ལ་སྲུང་བརྩི་ཞུ་མཁན་ཡོངས་ལ་ངས་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བཞིན་ཡོད་ལ། རབ་གནས་མེ་རྟ་ལོའི་ལོ་གསར་ལ། ང་ཚོས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིའི་བློ་བརྟན་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡིད་རངས་ཞུ་བཞིན་ཡོད། ཨ་རིའི་གཞུང་གིས་བོད་མིའི་ཐོབ་ཐང་དང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་ལ་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད།

.
རི་ལེ་ ཨེམ་ བྷརནསི། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ། ཨ་རིའི་བོད་དོན་ཆེད་དམིགས་བསལ་བསྐོ་གཞག་གནང་ཡོད་པ་ཡང་བསྒྲགས་འདུག (RFA Tibetan)

བོད་ནང་ལོ་གསར་གོང་ལ་དམ་དྲག

བོད་ཀྱི་ལོ་གསར་གོང་བོད་ཀྱི་ས་ཁུལ་ཁག་ནང་བཙུགས་པའི་ལམ་བར་གྱི་ཞིབ་བཤེར་ས་ཚིགས་ཁག་ཏུ་མི་མང་གི་ལག་འཁྱེར་ལ་ཞིབ་བཤེར་བྱེད་ཕྱོགས་ཐད་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་དང་དེ་མིན་གྲོང་ཁྱེར་ཁག་ནང་གི་མགྲོན་ཁང་དང་། ཆང་ཁང་། ཞབས་བྲོ་ཁང་སོགས་སུ་ཉེན་རྟོག་པས་ཞིབ་བཤེར་བྱེད་མཁན་མང་དུ་བཏང་ཡོད་པ་བོད་ནས་འབྲེལ་ཡོད་ཁག་ཅིག་གིས་འདི་གར་བརྗོད་མཁན་བྱུང་ལ། འདི་ལོའི་བོད་ཀྱི་ལོ་གསར་དངམཉམ་དུ་རྒྱ་མིའི་ལོ་གསར་དུས་མཉམ་དུ་འཁེལ་ཡོད་ཅིང་། དགོན་སྡེ་ཁག་ནང་བདེ་འཇགས་སློབ་གསོ་ཟེར་བའི་མིང་ཐོག་ནས་གཞུང་གི་སྒྲིག་ཁྲིམས་ལ་སྲུང་བརྩི་དགོས་པ་དང་། དུས་ཆེན་གྱི་འཚམས་འདྲི་ཟེར་ཚོགས་འདུ་སྐོང་ཚོགས་བྱས་ཡོད་འདུག་ལ། རྒན་ཡོལ་ཟིན་པའི་ལས་བྱེད་ཀྱི་ཁྱིམ་དུ་ཡོང་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གལ་ཆེ་ཡིན་སྐོར་དང་ཞི་ཅིན་ཕིང་གི་བོད་སྐོར་གླེང་པའི་གཏམ་བཤད་ལ་སློབ་སྦྱོང་བྱ་དགོས་པ། ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱ་རྒྱུར་དོགས་ཟོན་བྱེད་དགོས་པ་སོགས་ཀྱི་སློབ་གསོ་བཏང་གི་ཡོད་པ་བརྗོད་བྱུང་།