ཁམས་འབའ་ཐང་རྫོང་ནང་རི་ཉིལ་ནས་ཆུ་བོ་འགག་པའི་གནས་ཚུལ་ཐོན་ཡོད་འདུག

ཁམས་འབའ་ཐང་རྫོང་ནང་རི་ཉིལ་ནས་ཆུ་བོ་འགག་པའི་གནས་ཚུལ་བྱུང་ཡོད་ཅིང་། ཆུ་རགས་འཛུཊ་སྐྲུན་དང་རིའི་ཁོག་པ་འདྲུས་པའི་རྐྱེན་གྱི་ཡིན་པ་བརྗོད་མཁན་འདུག

ཁམས་འབའ་ཐང་རྫོང་ནང་རི་ཉིལ་ནས་ཆུ་བོ་འགག་པའི་གནས་ཚུལ་བྱུང་ཡོད་ཅིང་། ཆུ་རགས་འཛུཊ་སྐྲུན་དང་རིའི་ཁོག་པ་འདྲུས་པའི་རྐྱེན་གྱི་ཡིན་པ་རང་བྱུང་གི་གནོད་འཚེ་ཡོང་གི་ཡོད་པ་བརྗོད་མཁན་འདུག

ཁམས་འབའ་ཐང་རྫོང་དུ་རི་ཉིལ་བ་ནི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ལས་བྱུང་བ་བརྗོད་མཁན་འདུག
འབའ་ཐང་རྫོང་དུ་རི་ཉིལ་བ། ཁམས་འབའ་ཐང་རྫོང་དུ་རི་ཉིལ་བ་ནི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ལས་བྱུང་བ་བརྗོད་མཁན་འདུག (Citizen Photo)

དེ་ཡང་ཟླ་ ༣ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་དབྱེས་བའི་ཁོངས་ཀྱི་འབའ་ཐང་རྫོང་ཤོད་པ་གྲོང་ཚོའི་ཉེ་འཁྲིས་སུ་རི་ཉིལ་ནས་ཆུ་བོ་འགག་པའི་གནས་ཚུལ་ཐོན་ཡོད་པ་དང་། གཞུང་འབྲེལ་བརྒྱུད་ལམ་ཐོག་རི་ཉིལ་སའི་འཁྲིས་སུ་གཞུང་ལམ་ཨང་རྟཊ་ ༢༡༥ འཁེལ་གྱི་ཡོད་སྟབས། གནས་ཚུལ་ཐོན་པའི་སྐབས་གཞུང་ལམ་བཀག་པ་དང་། གནོད་འཚེ་ཆེན་པོ་བྱུང་མེད་པ་བརྗོད་འདུག་ལ། རི་ཉིལ་དོན་ནི་གནམ་གཤིས་སྐམ་ཤས་ཆེ་བས་ཡིན་པ་བརྗོད་འདུག འོན་ཀྱང་རང་གི་བདེ་འཇཊ་ཆེད་མིང་འབོད་གནང་འདོད་མེད་པའི་བོད་ནང་གི་མི་སྣས་བརྗོད་པར་གཞིགས་ན། འབའ་ཐང་ཁུལ་དུ་རི་ཉིལ་བའི་གནས་ཚུལ་ད་རེས་ཐོག་མ་མིན་པར། ཕྱི་ལོ་ ༢༠༢༥ ལོར་ཡང་བྱུང་མྱོང་ཡོད་པ་དང་། བོད་ཀྱི་ཁམས་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་མང་པོ་བརྒྱབ་ཟིན་པ་དང་། ཡང་ན་རྒྱབ་བཞིན་ཡོད་པས། རིའི་ཁོག་པ་འདྲུས་པ་དང་། ཆུ་བོའི་ཁ་ལོ་བསྒྱུར་བ་སོགས་ཀྱིས་རང་བྱུང་གནོད་འཚེ་བྱུང་གི་ཡོད་པ་བརྗོད་མཁན་བྱུང་།

རི་ཉིལ་སའི་ཁམས་འབའ་ཐང་རྫོང་གི་ཆུ་རགས།
འབའ་ཐང་ཆུ་རགས། རི་ཉིལ་སའི་ཁམས་འབའ་ཐང་རྫོང་གི་ཆུ་རགས། (Citizen Photo)

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༦ ཉིན་འབའ་ཐང་རྫོང་གི་གཞུང་ལམ་དུམ་བུ་ཞིག་གི་ཐོག་ས་བརྡིབ་ཚབས་ཆེན་བྱུང་སྟེ་གཞུང་ལམ་འགག་པའི་གནས་ཚུལ་བྱུང་ཡོད་པ་དང་། ཁམས་འབའ་ཐང་རྫོང་ནང་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་བྱས་ཡོད་པ་ནས་ལྷ་བ་ཆུ་ཤུགས་གློག་ཁང་དང་འབའ་ཐང་གློག་ཁང་གཉིས་ཡིན་ཞིང་། འབྲི་ཆུའི་སྟོད་རྒྱུད་ལ་ཆགས་ཀྱི་ཡོད་པ་རེད། འབའ་ཐང་གློག་ཁང་གི་ཆུ་ནི་རིའི་ཁོག་པ་བརྒྱུད་ཆུ་འདྲེན་གྱི་ཡོད་པས་འདི་ནི་དམིགས་བསལ་གྱི་གློག་ཁང་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་མ་ཟད། གློག་གཏོང་རྒྱུ་འགོ་བཙུགས་བྱས་ཡོད་པ་བརྗོད་འདུག ཡང་གློག་ཁང་འདི་གཉིས་སྨར་ཁམས་དང་འབའ་ཐང་གི་ས་མཚམས་སུ་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོ་ལྔ་ཚན་བཅུ་བཞིའི་ལས་གཞི་གཉེར་འགོ་ཚུགས་པ་ནས་བཟུང་བོད་ཀྱི་ས་ཁུལ་ནང་ཆུ་ཤུགས་གློག་ཁང་གི་ལས་གྲས་བོད་མིའི་ཉིན་རེའི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་པའི་ཐོག་རང་བྱུང་གི་གནོད་འཚེ་ཡང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ་བོད་ནང་ནས་བརྗོད་ཀྱི་འདུག ས་གཤིས་རིག་པ་བས་བོད་ཁུལ་གྱི་སྐྱེ་ཁམས་གནས་སྟངས་ཞན་པ་དང་ཆུ་ཤུགས་གློག་ཁང་གཞི་རྒྱ་ཧ་ཅང་ཆེན་པོ་ཁག་ཅིག་གི་འཛུགས་སྐྲུན་ལས་གྲ་འདིས་རང་བྱུང་གནོད་འཚེ་ཐོན་སྲིད་པར་ངོས་འཛིན་གནང་མཁན་ཡོད་འདུག