པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གང་སར་སྲུང་བརྩི་གནང་འདུག


2017.04.26
ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བྱེས་ཀྱི་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོར་ཕེབས་སྐབས། ༢༠༡༧།༤།༢༥ ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བྱེས་ཀྱི་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོར་ཕེབས་སྐབས། ༢༠༡༧།༤།༢༥
མཐུན་འགྱུར་པར་རིས།

བོད་ཕྱི་ཡི་བོད་མི་གནས་སྡོད་བྱེད་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༢༥ ཉིན་མོ་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ལ་འཁེལ་ཡོད་པར་བརྟེན། བཞུགས་སྒར་རྡ་རམ་ས་ལ་དང་། བྱེས་གྱི་གདན་ས་བཀྲ་ཤིས་ལྷུན་པོ། དེ་བཞིན་ཨ་རི་དང་ཨོསི་ཊརེ་ལི་ཡ། ཁེ་ན་ཊ། ཡོ་རོབ། ར་ཤི་ཡ་སོགས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།  བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་ཞུགས་ཐོག་དུས་ཆེད་དེ་སྲུང་བརྩི་ཞུས་ཤིང་།  ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཡང་སྲིད་རིན་པོ་ཆེ་མགྱོགས་ནས་མྱུར་དུ་ང་ཚོས་ཚང་མས་ཞལ་མཇལ་གསུང་ཐོས་ཡོང་རྒྱུར་ཚང་མས་ཐུགས་སྨོན་དང་། ཐོུང་གི་བསོད་ནམས་གསོག་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་ཚང་མ་བཙན་ཁྲིད་བྱས་ཏེ་ད་བར་ལོ་ངོ་ ༢༢ ཙམ་འགྲོ་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁོང་རྣམས་བདེ་གནས་སུ་ཡོད་ལུགས་ཙམ་ལས་གར་ཡོད་གནས་ཚུལ་ད་བར་ཕྱིར་བསྒྲགས་བྱས་མྱོང་མེད་པ་རེད།  དབུས་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། ཨ་རི་གཙོས་པའི་མང་གཙོའི་ཡུལ་གྲུ་ཁག་ནས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་དང་ཞུ་གཏུགས་ཀྱི་ལས་འགུལ་མུ་འཐུད་སྤེལ་མུས་ཡིན་པ་རེད།

གསར་འགོད་པ་གཡུ་སྒྲོན་དང་། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎