གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པ།

གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པ་དེ་མདོ་ཁམས་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་དུ་དབུ་འཛུགས་གནང་ཡོད་པའི་གནས་ཚུལ།

༄༅༎གངས་ལྗོངས་མཁས་པའི་ལྷན་ལྷན་ཚོགས་ཐེངས་དགུ་པ་དེ་མདོ་ཁམས་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་། ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེོལ་རྒྱས་གླིང་དུ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དེར་ཆོས་སྡེ་རེས་མེད་ནས་མཁན་སྤྲུལ་དགེ་བཤེས་མང་པོ་དང་། གཞན་གཞོན་སྐྱེས་རྩོམ་པོ་དང་། སློབ་ཆེན་པ་སོགས་མང་པོ་འབྱོར་ཡོད་འདུག་པ་དང་། ཚོགས་འདུ་ཟུར་ཉན་པ་ཡང་སེར་སྐྱ་མི་མང་ཆིག་སྟོང་མ་ཟིན་ཙམ་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུ་ཉིན་ལྔའི་རིང་ལ་འཚོགས་རྒྱུ་ཡིན་པ་རེད་འདུག
བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་རྒྱུར་དམིགས་པའི་གངས་ལྗོངས་མཁས་པའི་ལྷན་ཚོགས་དེ་བཞིན་ལོ་ལྟར་མདོ་ཁམས་ཀྱི་དགོན་སྡེ་རེས་མོས་བཞིན་ཚུགས་ཀྱི་ཡོད་པ་ནས། ད་ལོའི་ལྷན་ཚོགས་དེ་བཞིན་ཚོགས་ཐེངས་དགུ་པ་དེ་ཡིན་པ་དང༌། ཐེངས་བརྒྱད་པ་དེ་ན་ཉིན་རྡ་སེར་ཤུལ་དགོན་དུ་ཉིན་བཞི་རིང་ཚུགས་ཡོད་པ་རེད།།