བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འཚབ་གནང་བཞིན་པ།


2013-11-04
Share
བཀའ་བློན་མཆོག་ནས་གསར་འགོད་ལྷན་ཚོཌ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་གསར་འགོད་ལྷན་ཚོགས་ཐོག་བཀའ་མོལ་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས།

རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཆེ་རུ་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འཚབ་ཡོད་པ་གསལ་བཏོན་གནང་འདུག

ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བསྐྱར་ཞིབ་གནང་བ་དང་། རིང་མིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་གཞུང་འཛུལ་ཞུགས་ཐུབ་རྒྱུར་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པའི་དུས་སྐབས་འདིར།  རྒྱ་ནག་གཞུང་གིས་བོད་ནང་༧གོང་ས་མཆོག་གི་བཀའ་སློབ་སོགས་ཀྱི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་འཚབ་ཆེན་པོ་གནང་གི་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་འདུག

དེ་ནི་ཕྱི་ཟླ་ ༡༡ ཚེས་ ༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲན་ཆིང་གོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་ཆུའུ་ཧྲི་ Qiushiནང་བོད་ནང་དུ་རླུང་འཕྲིན་དང་བརྙན་འཕྲིན་སོགས་བརྒྱུད་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་བོད་མི་ཚོས་ལྟ་ཉན་བྱ་རྒྱུར་ཡོངས་སུ་དམ་བསྒྲགས་བཀག་འགོག་བྱ་རྒྱུ་ཡིན་ཚུལ་གྱི་གསལ་བསྒྲགས་བྱས་ཡོད་པར་བརྟེན། རྒྱ་གཞུང་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་པོ་ཡོད་སྐོར་བརྗོད་བཞིན་པའི་སྐབས་འདིར་བསྒྲགས་གཏམ་འདི་ལྟ་བུ་སྤེལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁས་ལེན་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པའི་སྐྱོན་བརྗོད་གནང་འདུག་ལ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གསར་འགྱུར་རང་དབང་ཐོག་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་དེ་ནི་གཞིས་བཞུགས་བོད་མིའི་སེམས་ལ་ཁོང་ཁྲོ་ཆེ་རུ་གཏོང་རྒྱུ་ཡིན་པར་བརྟེན་ཕན་ལས་གནོད་ཆེ་བའི་སྲིད་བྱུས་ཤིག་རེད་ཅེས་གསུང་འདུག

གསར་འགོད་པ། རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།