བོད་དོན་གཏམ་བཤད་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
2014.03.14

ཡུ་རོབ་སྤྱི་མཐུན་ཚོཊ་པའི་དཔལ་འབྱོར་དང་སྤྱི་ཚོཊ་ཡར་རྒྱས་ལྷན་ཁང་གི་འགན་འཛིན་གྱི་བོད་དོན་གཏམ་བཤད་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་Henri Malosse མཆོག་གིས་སྣེ་ཁྲིད་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་ཉེ་ཆར་བཞུགས་སྒར་དུ་ཆེད་ཕེབས་གནང་ཞིང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུན་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བར། རེས་གཟའ་ཕུར་བུའི་ཉིན་ཡུ་རོབ་སྤྱི་མཐུན་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཀྱི་མགྲིན་ཚབ་པས་གནད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ཚུལ་དང་། དེར་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་སྐྱོན་བརྗོད་དང་མཉམ་ཁོང་གིས་བོད་མིའི་ཁ་བྲལ་གྱི་བྱ་སྤྱོད་ལ་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས་ལུགས་སོགས་བཤད་ཡོད་འདུག
སྐུ་ཚབ་Henri Malosse མཆོག་གི་གཏམ་བཤད་ནང་། བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་བོད་མིའི་རང་དབང་དང་ཐོབ་ཐང་དང་། ཆེ་མཐོང་བཅས་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཡོད་པ་དང་། དེང་སྐབས་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དུས་སྐབས་འདིར་བོད་མི་ཚོས་བོད་རྒྱ་མི་རིགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་མི་རིགས་གཉིས་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུར་འབད་བརྩོན་གནང་བཞིན་པ་དེར་རྗེས་སུ་ཡི་རང་དང་། ཡུ་རོབ་སྤྱི་མཐུན་ངོས་ནས་བོད་རྒྱ་གྲོས་མོལ་འབྱུང་ཐབས་སུ་འགན་ཁུར་གྱི་འགན་འཁྲི་ཡོད་པ་བཅས་གསལ་འདོན་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།