༧གོང་ས་མཆོག་དང་སྲིད་སྐྱོང་བ་གཉིས་ཕེབས་མཆར་འདུག
2012.08.21
སྐྱབས་བཅོལ་བོད་མིའི་ཕྲུ་གུ་ཚོར་ཤེས་ཡོན་སྤྲོད་ཕྱིར་མ་སུ་རི་བོད་ཁྱིམ་སློབ་གྲ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༦༢་ལོར་གསར་འཛུཌ་གནང་བ་ནས་ད་བར་མི་ལོ་༥༠་འཁོར་བཞིན་པ་དང་། མི་རིང་བའི་ཟླ་༩་ཚེས་༡༧་ནས་ཚེས་༢༡་བར་སློབ་གྲ་དེ་དབུ་བརྙེས་ནས་ལོ་༥༠་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུཌ་ཀྱི་ཤེས་རིག་བཀའ་བློན་གཅིག་ལྕོག་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཕེབས་འཆར་ཡོད་པ་རེད། མ་སུ་རི་བོད་ཁྱིམ་སློབ་གྲ་དབུ་བརྙེས་ནས་ལོ་༥༠་འཁོར་བའི་དུས་ཆེན་སྲུང་བརྩི་ཉིན་གྲངས་ལྔའི་རིང་གནང་རྒྱུ་དང་སྐབས་དེར་སློབ་ཟུར་ཕན་ཚུན་དབར་རྐང་པོལ་འགྲན་བསྡུར་དང་འདྲ་པར་གྱི་འགྲེམས་སྟོན། རིག་གཞུང་འཁྲབ་སྟོན་སོཌ་གོ་སྒྲིག་ཞུ་རྒྱུའི་གྲ་སྒྲིག་ཚ་ཚ་འུར་འུར་ངང་ཞུ་བཞིན་ཡོད་འདུག དུས་ཆེན་སྲུང་བརྩིའི་ཉིན་མཐའ་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་ཆོས་བཀྲིན་ཆེ་གནང་མཛད་ནས་དུས་ཆེན་སྲུང་བརྩི་མཇུག་བསྡོམས་གནང་འཆར་འདུག མ་སུ་རི་བོད་ཁྱིམ་སློབ་གྲ་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩་ལོར་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པའི་རྗེས་སུ་གསར་འཛུཌ་གནང་བ་དང་། ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མ་དམ་པ་དེས་སློབ་གྲ་དེའི་འགན་འཛིན་གྱི་ཐུཌ་འགན་བཞེས་པ་ནས་བཟུང་ཡར་རྒྱས་ཆེན་པོ་ཕྱིན་འདུག སློབ་གྲ་དེ་ནས་སློབ་ཕྲུག་སྟོང་ཕྲག་མང་པོ་སློབ་པ་མཐར་སོན་ནས་དེང་སྐབས་བོད་གཞུང་གཙོས་པའི་འཛམ་གླིང་རྒྱལ་ཡོངས་ནང་ཞབས་སྦྱི་ཞུ་བཞིན་ཡོད་འདུག ད་ཆ་སློབ་གྲ་དེའི་ཡན་ལག་གཉིས་ཡོད་པ་དེ་དག་ནི་Rajpurདང་Rishikesh ལ་ཡོད་པ་དང། ་སློབ་ཕྲུག་གྲངས་༢༤༠༠་ལྷག་ལ་གཟིཌ་སྐྱོང་གནང་བཞིན་ཡོད་པའི་གནས་ཚུལ་འདུག