རྒྱ་གར་ཁྲིམས་རྩོད་པས་བོད་དོན་ཆེད་ཞི་བའི་ལས་འགུལ་སྤེལ་བ།

2014-06-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་ཁྲིམས་རྩོད་པ་སྐུ་ཞབས་Vishwa Purush Tulsi
རྒྱ་གར་གྱི་ཁྲིམས་རྩོད་པ་སྐུ་ཞབས་Vishwa Purush Tulsi
དྲ་བཤུས།

རྒྱ་གར་མང་ཚོགས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་རེ་སྐུལ་བྱས་ཡོད་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཁྲིམས་རྩོད་པ་སྐུ་ཞབས་Vishwa Purush Tulsiཡིས་བོད་ཕྱི་ནང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཆེད་དུས་ཡུན་ཆུ་ཚོད་༤༨རིང་བོད་དོན་ཆེད་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྤྱི་ཚེས་༢༧ཉིན་བཞུགས་སྒར་དུ་མཇུག་སྒྲིལ་འདུག སྐུ་ཞབས་Vishwa Purush Tulsiནི་རྒྱ་གར་བའི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་ནི་བོད་བཅིངས་གྲོལ་མདུན་སྐྱོད་ཚོགས་པ་ཟེར་བ་གསར་འཛུགས་གནང་མཁན་གྱི་གྲས་ཡིན་ཞིང་། ཁོང་གིས་རྒྱ་གར་བའི་སྤུན་ཟླ་ཚོར་རྒྱ་གར་ནང་ཡོད་པའི་བོད་མི་ཚོ་ང་ཚོའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཡིན་པ་ལས་སྐྱབས་བཅོལ་བ་མིན་པའི་ལྟ་ཚུལ་འཛིན་རྒྱུར་རེ་འབོད་གནང་གི་ཡོད་པ་རེད། རྒྱ་མིས་བོད་ནང་བཙན་འཛུལ་བྱས་པའི་རྗེས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་པའི་བོད་མི་ཚོ་རྒྱ་གར་ནང་སྐུ་མགྲོན་དུ་བཞུགས་པར་ཕེབས་པར་བརྟེན་ང་ཚོས་ཁོང་ནི་སྐུ་མགྲོན་ཨང་དང་པོ་དེར་ངོས་འཛིན་ཞུ་དགོས་ཞེས་རེ་འབོད་གནང་གི་ཡོད་པ་རེད།
སྐུ་ཞབས་Vishwa Purush Tulsiལགས་ཀྱིས་གསུངས་དོན། ད་རེས་ཁོང་གིས་ཞི་བའི་ངོ་རྒོལ་བྱས་པ་བརྒྱུད་རྒྱ་གར་མང་ཚོགས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དེ་བས་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པ་དང་། སྐུ་ཞབས་ Narendra Modiམཆོག་གིས་དབུ་ཁྲིད་པའི་རྒྱ་གར་གྱི་སྲིད་གཞུང་གསར་པས་བཀྲིས་པའི་ཉིན་མོའི་ཕྱོགས་སུ་སྣེ་ཁྲིད་པའི་རེ་བ་ཡོད་ལུགས་སོགས་གསུང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།