མི་རིགས་འདྲ་མིན་གྱི་གཞོན་སྐྱེས་དབུ་ཁྲིད་ཚོགས་ཆེན།
2014.04.28
ཐེ་ཝན་དུ་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་དབུ་ཁྲིད་རྣམ་པའི་ཚོཊ་ཆེན་ཐེངས་དགུ་པ་ཚོགས་པ་མཇུག་བསྒྲིལ་གནང་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། རྒྱ་ནག་གི་དྲག་གནོན་ལ་འཐབ་རྩོད་གནང་བཞིན་པའི་མི་རིགས་འདྲ་མིན་དང་། ཆོས་ལུཊ་འདྲ་མིན་གྱི་གཞོན་སྐྱེས་དབུ་ཁྲིད་རྣམ་པའི་ཚོཊ་ཆེན་ཐེངས་དགུ་པ་དེ་བཞིན་འདི་ཟླའི་ཚེས་༢༤་ཉིན་ནས་༢༧་བར་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་པེ་ནང་འཚོཊ་པ་ཡོད་པ་དང་། དེའི་ནང་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལཊ་དང་སྤྱི། འཐུས་ཤར་གླིང་ཟླ་སྒྲོན་ལཊ། བློ་བཟང་ཚེ་བརྟན་ལཊ། དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཡེ་ཤེས་བསྟན་འཛིན་ལཊ། བོད་རང་བཙན་སློབ་ཕྲུག་ཚོཊ་པའི་ཨེ་ཤི་ཡའི་ངེས་སྟོན་པ་རྡོ་རྗེ་ཚེ་བརྟན་ལཊ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Meccaci སོཊ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་སྐུ་ཚབ་བདུན་ལྷན་བཞུཌ་གནང་འདུག ད་དུང་ཚོཊ་ཆེན་དེའི་ནང་རྒྱ་ནག་སྐམ་ས་དང་ཧོང་ཀོང་། ཐེ་ཝན། མེ་ཀའོ། སོག་པོ། ཡུ་གུར་བཅས་ཀྱི་མང་གཙོ་དོན་གཉེར་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། གྲོས་ཚོཌ་འཐུས་མི། རྩོམ་བྲིས་པ། གསར་འགོད་པ་དང་དེ་བཞིན་ཕ་ལུང་ཀོང་དང་Christian Church Movement འམ་ཡེ་ཤུའི་ལས་འགུལ་ཚོཊ་པ་སོཌ་ཆོས་ལུཊ་ཀྱི་སྐུ་ཚབ་འཐུས་མི་བཅས་མི་གྲངས་༢༠༠་ལྷག་ལྷན་བཞུཌ་གནང་ཡོད་པ་དང་། ཚོཌ་འདུ་དེ་ནི་གཙོ་བོ་རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པར་ཁ་གཏད་གདོང་ལེན་བྱ་རྒྱུ་དང་། རྒྱ་ནག་གི་རྩ་ཁྲིམས་ལ་བཅོས་བསྒྱུར་དང་རྒྱ་ནག་ནང་དང་རྒྱ་ནག་དམར་ཤོག་ཚོཌ་པས་དབང་འཛིན་བྱས་པའི་ས་ཁུལ་ཁག་ལ་མང་གཙོའི་ལམ་ལུཊ་དར་ཁྱབ་ཡོང་བ་ངེས་གཏན་བཟོ་རྒྱུའི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་འདུག ཉིན་བཞིའི་རིང་གི་ཚོཊ་ཆེན་དེ་ནི་ཨ་མེ་རི་ཀའི་ནང་རྟེན་གཞི་བྱས་པའི་Initiative China /Citizen Power of Chinaརྒྱ་ནག་གི་སྤྱི་མང་གི་སྟོབས་ཤུཊ་ཅེས་པའི་ཚོཊ་པས་གོ་སྒྲིཊ་ཞུས་པ་ཞིག་ཡིན་པ་རེད་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།