ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི།

ཉི་ཧོང་གི་རང་དབང་མང་གཙོ་ཚོགས་པའི་དབུ་ཁྲིད་Shinzo Abe མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ལྷན་ཁང་ནས་མཚམས་འདྲི་གནང་འདུག

2012.12.17

༄༅།    །འདི་ལོའི་ཕྱི་ཟླ་བཞི་པའི་ནང་སྲིད་སྐྱོང་མཆོག་ཉི་ཧོང་ནང་གཟིགས་སྐོར་ཕེབས་སྐབས་ ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་བའི་Shinzo Abe མཆོག་དང་ལྷན་དུ་ཐེངས་བཞི་ཙམ་མཇལ་འཕྲད་ཞུས་གནང་ཡོད་པ་རེད།  སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་Shinzo Abe མཆོག་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུས་པའི་ནང་ ངས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རང་དབང་མང་གཙོ་ཚོགས་པའི་ཚོགས་གཙོ་ སྐུ་ཞབས་Shinzo Abeམཆོག་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ངས་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་མིའི་མང་གཙོ་དང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང། འབྱུང་འགྱུར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་འདུག


ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་བརྒྱུད།    སྐུ་ཉིད་མཆོག་གིས་བོད་དོན་རྒྱབ་སྐྱོར་སྤྱི་དང་ལྷག་པར་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་གདན་ཞུས་མཚོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་བཟུང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཐོག་གཉིས་སྨན་གྱི་ཐབས་ལམ་འཚོལ་བ་བརྒྱུད་བོད་ཀྱི་གནད་དོན་སེལ་རྒྱུར་སླར་ཡང་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།












བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎