བོད་རྒྱ་ནག་ནས་ཁ་བྲལ་གྱི་འཐབ་རྩོད་གནང་གི་མེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་རྒྱ་ནག་ནས་ཁ་བྲལ་གྱི་འཐབ་རྩོད་གནང་གི་མེད་ལུགས་ནན་བརྗོད་གནང་འདུག

2012.08.27

ལྷོ་ཨ་ཧྥ་རི་ཀའི་ནང་གཟིགས་སྐོར་གནང་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཡུལ་དེའི་གྲོས་ཚོགས་འཐུས་མི་གཙོས་པའི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་མཇལ་གནང་བའི་རྗེས། ཚེས་༢༢ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་དོན་སྐོར་གཏམ་བཤད་གནང་སྐབས། བོད་ནང་གི་ཛ་དྲག་གི་དཀའ་ངལ་གསལ་བཤད་དང་། ཡུལ་འདིར་མི་རིགས་དབྱེ་འབྱེད་འཐབ་རྩོད་ཀྱི་ཉམས་མྱོང་དངོས་སུ་ཡོད་པའི་ཆ་ནས་བོད་མིའི་དཀའ་སྡུག་དང་། རང་དབང་གི་འཐབ་རྩོད་གསལ་པོ་མཁྱེན་པའི་རེ་བ་ཡོད། བོད་མིའི་འཐབ་རྩོད་ཀྱི་སྙིང་པོ་ནི།  བོད་མི་ཚོས་སོ་སོའི་རྒྱལ་ཁབ་ནང་སོ་སོའི་ཐོུང་མ་ཡིན་པའི་ངོ་བོ་ཆོས་དང། རིག་གཞུང་། སྐད་ཡིག་སོགས་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་གི་ཆེད་ཡིན་པ་ལས། ང་ཚོས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་འཐབ་རྩོད་བྱེད་ཀྱི་མེད་ཅེས་གསལ་བཤད་གནང་འདུག། ཡང་བཀའ་བློན་མཆོག་གིས་ཕྱི་ལོ་༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་བོད་མི་༥༠ཙམ་གྱིས་རྒྱ་གཞུང་གི་གདུག་རྩུབ་དྲག་གནོན་མ་བཟོད་པར་རང་ལུས་མེར་བསྲེགས་ཀྱིས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ནང་ཕྱིར་ཕེབས་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དང་། བཀའ་བློན་ཁྲི་པ་བློ་བཟང་སེངྶགེ་མཆོག་གིས་རང་ལུས་མེ་སྲེག་མཚམས་འཇོག་དགོས་པའི་བཀའ་སློབ་གནང་མུས་ཀྱང་ད་བར་བོད་མི་ཚོས་རང་སྲོག་དོར་རྒྱུ་མཚམས་འཇོག་བྱས་མེད་པ་ཅེས་གསུངས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎