༧གོང་ས་མཆོག་གི་ཐད་སྲིད་འཛིན་པུ་ཀྲིན་ལ་ནན་པོ་ཞུ་འཆར།

༧གོང་ས་མཆོག་ར་ཤི་ཡའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཆེད་ར་ཤི་ཡའི་མཐོང་མཆན་འབུལ་ལམ་ཞུ་དགོས་སྐོར་ཏེ་ལོ་རིན་པོ་ཆེ་མཆོག་གིས་ར་ཤི་ཡའི་སྲིད་འཛིན་པུ་ཀྲིན་ལ་འབོད་སྐུལ་ནན་པོ་ཞུ་འཆར་འདུག
2012-12-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་གནས་ཚུལ་ལྟར་ན། ཁ་སང་ར་ཤི་ཡའི་སྲིད་འཛིན་Vladimir Putin མཆོག་རྒྱ་གར་གྱི་རྒྱལ་སའི་ནང་འཚམས་འདྲི་གཟིཌ་སྐོར་ལ་ཕེབས་རྒྱུའི་སྔ་ནུབ་ཏུ་། རྒྱལ་ས་ལྡི་ལིའི་ནང་གནས་ཞུཌ་ར་ཤི་ཡའི་ནང་པ་༨༠༠་ལྷག་ཡོད་པ་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ར་ཤི་ཡའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཕྱག་ཁྱེར་འབུལ་ལམ་ཞུ་དགོས་པའི་སྙན་ཞུ་ཞིག་མཚན་རྟགས་བཀོད་ནས། སྲིད་འཛིན་པུ་ཀྲིན་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་འདུག ཀལ་མིག་ཀི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དགོན་པ་ཆེ་ཤོས་ཤིག་གིས་དབུ་བླ་དང་ར་ཤི་ཡའི་ནང་པའི་མཐུན་ཚོཌ་ཀྱི་གཙོ་འཛིན་ཏེ་ལི་རིན་པོ་ཆེ་མཆོག་གིས་བརྗོད་དོན། དེང་སྐབས་ར་ཤི་ཡའི་ནང་ནང་པ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་དང་། ཁོང་རྣམས་མང་ཆེ་བ་ར་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་Buriyatia དང་Kalmykia དེ་བཞིན་Tuva བཅས་ནང་ཡོད་པ་མ་ཟད་། ཉེ་དུས་ནང་པར་འགྱུར་བའི་ར་ཤི་ཡའི་མི་ཡང་མང་པོ་ཡོད་སྐོར་rediff.com ཞེས་པའི་དྲ་རྒྱར་བརྗོད་འདུག

ཡང་ཏེ་ལི་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་བརྒྱད་ལྷག་རིང་ར་ཤི་ཡའི་ནང་པ་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ར་ཤི་ཡའི་ནང་ཆིབས་བསྒྱུར་བསྐྱངས་གནང་རྒྱུ་ཡོང་བའི་གསོལ་འདེབས་ཞུས་ན་ཡང་། སྲིད་འཛིན་པུ་ཀྲིན་གཞུང་འཛིན་གྱིས་༧མགོན་པོ་གང་ཉིད་ལ་Visa འམ་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་ཆོག་པའི་མཐོང་མཆན་མ་ཕུལ་བའི་རྐྱེན་གྱིས་ཆིབས་བསྒྱུར་བསྐྱངས་ཐུབ་མེད་པ་རེད་ཅེས་དང་། ར་ཤི་ཡའི་ནང་ང་ཚོར་རང་རང་སོ་སོའི་ཆོས་ལུཌ་ལག་བསྟར་དང་། ཡར་རྒྱས་གོང་འཕེལ། ཡང་བསྐྱར་ངོ་སྤྲོད་བྱ་རྒྱུའི་རང་དབང་ཐོབ་ཐང་ཡོད་རེད་། ཆོས་དང་ཆབ་སྲིད་གཉིས་མཉམ་བསྲེས་མ་བྱས་ན་ང་ཚོར་དཀའ་ངལ་གང་ཡང་ཡོད་བ་མ་རེད་། ༧མགོན་པོ་གང་ཉིད་ནས་ནང་ཆོས་མ་ཟད་ཆོས་ལུཌ་རིས་མེད་ཡོངས་རྫོཌ་འཆམ་མཐུན་མཉམ་གནས་དང་། ཡར་རྒྱས་གོང་འཕེལ་འགྲོ་བ་མིའི་རིན་ཐང་། དེ་བཞིན་འཛམ་གླིང་ཞི་བདེའི་སྐོར་གྱི་བཀའ་སློབ་ཁག་ར་ཤི་ཡ་ལ་ཡང་ཕན་ཐོག་ཡོད་སྐོར་གསུངས་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།