རྒྱ་ནག་ནང་ཆབ་སྲིད་བསྒྱུར་བཅོས་དགོས་མིན་གྱི་གླེང་གཞི།

རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་མི་ལོ་༩༠འཁོར་ལ་ཉེ་བ་བཞིན་ཆབ་སྲིད་ཀྱི་བསྒྱུར་བཅོས་དགོས་མིན་སྐོར་ལ་གླེང་གཞི་ཡོང་གི་ཡོད་སྐོར།

2011.06.29

༄༅༎རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་མི་ལོ་༩༠ འཁོར་ལ་ཉེ་བ་བཞིན། ཆབ་སྲིད་ཀྱི་བསྒྱུར་བཅོས་དགོས་མིན་སྐོར་ལ་གླེང་གཞི་ཡང་མང་པོ་ཞིག་ཡོང་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གུང་ཁྲན་ཏང་བཙུགས་ནས་མི་ལོ་༩༠ འཁོར་བའི་དུས་ཆེན་དེ་ནི་ཧ་ཅང་གི་གྲ་རྒྱས་ཀྱི་ངང་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་བྱེད་པ་དང༌། ཡིན་ནའང་དེ་དང་དུས་མཚུངས་མི་དམངས་ཁྲོད་རྒྱ་ནག་གི་རྒྱལ་ཁབ་ཀྱི་ཁ་ཕྱོགས་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་དགོས་མིན་གྱི་སྐོར་ལ་རྒྱུན་ལྡན་མིན་པའི་གླེང་སློང་ཡང་ཤུགས་ཆེ་ཡོང་གི་ཡོད་པ་རེད། གློང་སློང་དེ་ནི། རྒྱ་ནག་རྒྱལ་ཁབ་དེ་བཞིན་དམངས་གཙོའི་ཁ་ཕྱོགས་སུ་བསྐྱོད་རྒྱུར་འདོད་པ་འཛིན་མཁན་ཚོས་བྱེད་པ་དང༌། དམིགས་བསལ་ཉེ་བའི་ཟླ་བ་འགའ་ཤས་ནས་རྒྱ་ནག་གཞུང་གི་སྲིད་ཇུས་དང་ལམ་ལུགས་ལ་ཞེ་འཁོན་དང་ཁོང་ཁྲོའི་མེ་ལྕེ་འབར་བཞིན་པ་ནི། གཅིག་ནས་རེས་གཟའ་པ་སངས་ཉིན་དུས་དྲན་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་སླེབས་ལ་ཉེ་བ་དང༌། དེའི་ཐོག་རྒྱ་ནག་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ཀྱི་་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ནང་མི་དགའ་བའི་རྣམ་པ་ཤུགས་ཆེ་རུ་འགྲོ་བ། དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་དབུལ་ཕྱུག་གི་ཁྱད་པར་ཤུགས་ཆེ་རུ་འགྲོ་བར་བརྟེན། གླེང་སློང་དེའི་རྒྱབ་ལྗོངས་སུ་རྒྱ་ནག་ནང་བཅོས་བསྒྱུར་གཏོང་ཕྱོགས་ཐད་ལ། རྒྱ་ནག་གཞུང་གི་དབང་འཛིན་འོག་ལ་མ་རྩ་རིང་ལུགས་མཉམ་བསྲེས་ཀྱི་བཅོས་བསྒྱུར་དགོས་མིན་དང༌། ཡང་རྒྱ་ནག་གི་དབུལ་པོའི་གནས་སྟངས་ནས་རྒྱལ་སྤྱིའི་ནང་རྒྱ་ནག་སྟོབས་ཤུགས་ལྡན་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་སོགས་སྐོར་གྱི་གོ་དོན་མཚོན་པར་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎