བོད་རིགས་ཨ་ཆུང་ལ་ཕུལ་བྱུང་གསེར་གྱི་རྟགས་མ་ཐོབ་པ།


2014.04.29
བོད་རིགས་ཨ་ཆུང་ལགས་དང་ཁོང་གིས་བཞེངས་བའི་སྟོན་པའི་འཇིམ་སྐུ། ༢༠༡༤།༤། བོད་རིགས་ཨ་ཆུང་ལགས་དང་ཁོང་གིས་བཞེངས་བའི་སྟོན་པའི་འཇིམ་སྐུ། ༢༠༡༤།༤།
པར་། བོད་འབྱོར།

རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་དང་པོའི་འཇིམ་བཟོ་ལག་རྩལ་འགྲན་བསྡུར་ཁྲོད་བོད་རིགས་ལྷ་བཟོ་ཨ་ཆུང་གིས་བཞེངས་པའི་སྟོན་པའི་སྐུ་བརྙན་ལ་ཁྱད་འཕགས་བྱ་དགའ་ཐོབ་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༡༠ནས་༢༠བར་རྒྱ་ནག་ཧྥི་ཅན་ཞིང་ཆེན་ཕོའུ་ཐེན་གྲོང་ཁྱེར་དུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་དང་པོའི་འཇིམ་བཟོ་ལག་རྩལ་འགྲན་བསྡུར་ཁྲོད་མཉམ་ཞུགས་གནང་མཁན་བོད་རིགས་ལྷ་བཟོ་ཨ་ཆུང་ལགས་ཀྱིས་བཞེངས་པའི་སྟོན་པའི་སྐུ་བརྙན་ལ་ཁྱད་འཕགས་གསེར་གྱི་རྟགས་མ་དང་། ཁོང་ལ་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་བ་ཆེན་མོའི་མཚན་སྙན་ཐོབ་ཡོད་པ་རེད
གནས་ཚུལ་ལྟར་ན། ད་ཐེངས་ཀྱི་འཇིམ་བཟོ་ལག་རྩལ་འགྲན་བསྡུར་ཁྲོད་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས་ ༡༤དང་། དེ་བཞིན་ཐའེ་ཝན་དང་ཧོང་ཀོང་བཅས་ནས་ཡོང་བའི་ཆོས་ལུགས་འདྲ་མིན་གྱི་འཇིམ་བརྙན་བཟོ་རྩལ་བ་༣༩དངོས་སུ་འགྲན་བསྡུར་ནང་མཉམ་ཞུགས་གནང་ཡོད་ཅིང་། ཁོང་ཚོའི་བརྩམས་ཆོས་ཁག་ཉིན་གྲངས་༡༠རིང་འགྲན་བསྡུར་བྱས་པ་བརྒྱུད་ཁྱད་འཕགས་གསེར་གྱི་རྟགས་མ་དང་། གསེར་གྱི་རྟགས་མ་། དངུལ་གྱི་རྟགས་མ་། ཕུལ་བྱུང་རྟགས་མ་བཅས་བྱ་དགའི་རིམ་པ་བཞི་རུ་དབྱེ་སྟེ་ཕུལ་ཡོད་འདུག
གོང་གི་བོད་རིགས་འཇིམ་བརྙན་ལྷ་བཟོ་སྒྱུ་རྩལ་བ་ཨ་ཆུང་ལགས་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་ནས་ཡིན་ཞིང་། ཆུང་དུས་ནས་དགོན་པར་ཞུགས་ཏེ་ནང་ཆོས་ལ་སློབ་གཉེར་གནང་ཡོད་པ་དང་། སློབ་ཞོར་དུ་ལྷ་རིས་དང་འཇིམ་བཟོ་ལ་སློབ་སྦྱོང་ལ་འབད་བརྩོན་གནང་བ་བརྒྱུད་ད་ལྟའི་གྲུབ་འབྲས་དེ་ཐོབ་པ་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎