ཨ་དཀོན་རིན་པོ་ཆེར་གྲི་རྒྱབ་པ་ཡིན་པའི་ངོས་ལེན་བྱས་འདུག

2014-08-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ལ་བཀྲོངས་པའི་ཨ་དཀོན་རིན་པོ་ཆེ།
རྒྱ་ནག་ལ་བཀྲོངས་པའི་ཨ་དཀོན་རིན་པོ་ཆེ།
འོད་ཟེར།

ཨ་དཀོན་རིན་པོ་ཆེར་གྲི་རྒྱབ་པའི་ངོས་ལེན་བྱས་ཡོད་ཀྱང་ཁོང་བཀྲོངས་རྒྱུའི་ཀུན་སློང་འཁྱེར་མེད་པ་གསལ་བཤད་བྱས་འདུག
དེ་ཡང་ཨ་དཀོན་རིན་པོ་ཆེ་དང་ཁོང་གི་ཚ་བོ་སྔ་ལོ་ཕྱི་ཟླ་༡༠པའི་ནང་རྒྱ་ནག་གི་ཁྲིན་ཏུ་གྲོང་ཁྱེར་ནང་བཀྲོངས་བའི་གནས་ཚུལ་བྱུང་བ་དང་། ཨ་དཀོན་རིན་པོ་ཆེ་ཡི་ནང་མིའི་ཁྲིམས་རྩོད་པ་རྒྱ་རིགས་Xiang Chaoyang ཡིས་ཁྲིམས་ཁང་ནས་ཉེས་འཛུགས་བྱས་པ་བཞིན་ཉེས་འཛུགས་ཕོག་པའི་བོད་མི་གསུམ་གྱིས་ནག་ཉེས་ངོས་ལེན་བྱས་ཡོད་འདུག ཡིན་ནའང་ཉེས་འཛུགས་ཕོག་པའི་མི་གསུམ་དེའི་ཁྲིམས་རྩོད་པས་གོང་ཞུས་ཀྱི་བཀའ་མོལ་དེར་མོས་མཐུན་གནང་ཡོད་མིན་གསལ་པོ་མེད་པ་མ་ཟད་གྱོད་གཞི་དེར་འབྲེལ་ཆགས་ཁྲིམས་ཁང་གིས་ཀྱང་གསལ་སྟོན་གང་ཡང་བྱས་མེད་པ་རེད། གོང་ཞུས་ཨ་དཀོན་རིན་པོ་ཆེའི་ནང་མིའི་ཁྲིམས་རྩོད་པ་སྐུ་ཞབས་Xiangཡིས། ཉེས་འཛུགས་ཕོག་པའི་མི་གསུམ་པོ་དེ་དག་གིས་ཨ་དཀོན་རིན་པོ་ཆེར་གྲི་རྒྱབ་པའི་ངོས་ལེན་བྱས་ཡོད་ཀྱང་ཁོང་བཀྲོངས་རྒྱུའི་ཀུན་སློང་འཁྱེར་མེད་ལུགས་བཤད་ཡོད་སྐོར་དང་། མི་གསུམ་པོ་དེ་དག་ནས་གཉིས་ལ་སྲོག་ཐོག་གི་ཉེས་པ་ཕོག་སྲིད་སྐོར་དང་། གཞན་གཅིག་ལ་ལོ་ངོ་གསུམ་གྱི་བཙོན་བཅུག་གི་ཉེས་ཆད་ཕོག་སྲིད་སྐོར་དང་གྱོད་གཞི་དེའི་ཁྲིམས་གཏུགས་ཀྱི་ལས་དོན་དེ་ཁ་ཉིན་རེས་གཟའ་ཕུར་བུ་ཉིན་མཇུག་བསྒྲིལ་ཟིན་པ་དང་། ཁྲིམས་ཁང་གི་ཐག་གཅོད་རིང་མིན་ཡོང་རྒྱུ་མ་ཟད་གྱོད་གཞི་དེ་དངུལ་སྤྲོད་ལེན་དང་འབྲེལ་བ་ཡོད་སྐོར་གསུང་འདུག
གོང་ཞུས་ཨ་ཀོན་རིན་པོ་ཆེ་དཀྲོང་པའི་གྱོད་གཞིའི་ཁྲིམས་གཏུགས་དེར་རྒྱ་ནག་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཀྱི་ལས་བྱེད་ཞིག་ཆེད་བཅར་ཞུས་ཡོད་པ་རེད། ཨ་དཀོ་ན་རིན་པོ་ཆེ་ནི་དབྱིན་ཇིའི་མི་སེར་ཡིན་པ་མ་ཟད་ཁོང་ནི་ཕྱི་ལོ་༡༩༦༠ ལོ་རབས་ནང་ནུབ་ཕྱོགས་ཡུལ་ཁག་ནང་བོད་ལུགས་ནང་ཆོས་སྤེལ་གནང་མཁན་དང་པོའི་གྲས་ཤིག་ཡིན་པ་རེད།

གསར་འགོད་པ་ལྷུན་གྲུབ

2014-08-29

ཨ་དཀོན་རིན་པོ་ཆེ་བཀྲོངས་མཁན་གྱི་དོགས་ཡོད་ལག་དམར་བ་གཉིས་ལ་ཁྲིམས་གཅོད་སྐབས་སྲོག་ཐོག་མི་གཏོང་བའི་རེ་བ་བཏོན་འདུག
དེ་ཡང་ན་ནིང་སྤྱི་ཟླ་༡༠པའི་ནང་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་འདུས་སྡོད་བྱེད་ས་ཝུའུ་ཧོ་སི་རུ། བོད་ནང་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཨ་དཀོན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་འམ་ཨ་ཀོང་རིན་པོ་ཆེ་དང་། ཁོང་གི་ཚ་བོ་བློ་དགའ། ཁ་ལོ་བ་འཇིགས་མེད་དབང་རྒྱལ་བཅས་ལ་གྲིས་བརྒྱབ་སྟེ་སྐུ་བཀྲོངས་ཡོད་པ་རེད། སྐབས་དེར་ལྐོག་གསོད་ཀྱི་དོན་རྐྱེན་ཐོན་པའི་རྗེས། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཕ་ཡུལ་དགེ་སྡེ་ནས་ཡིན་པའི་བོད་མི་ཞིག་དང་ཆབ་མདོ་འཇོ་མདའ་རྫོང་ནས་ཡིན་པའི་བོད་མི་གཉིས་བཅས་ལ་མི་གསོད་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་ཁོངས་ནས་ཐུབ་བསྟན་ཀུན་གསལ་དང་ཚེ་རིང་སྦ་ཡས་བཅས་ལ་ཁ་སང་གཟའ་ལྷག་པ་ཉིན་ཁྲིན་ཏུ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས་ཁྲིམས་བཤེར་བྱས་ཡོད་ལུགས་དབྱིན་ལིན་གྱི་གསར་འགྱུར་བརྒྱུད་ལམ་ཞིག་གིས་གནས་ཚུལ་སྤེལ་འདུག གནས་ཚུལ་ནང་ཨ་དཀོན་རིན་པོ་ཆེ་མཆོག་གི་སྲས་དང་ཆོས་ཚོགས་ཀྱི་འཐུས་མི་བཅས་ཁྲིམས་བཤེར་བྱེད་སར་ཕེབས་ཡོད་ཚུལ་དང་། ཨ་དཀོན་རིན་པོ་ཆེ་མཆོག་གི་སྐུ་མཆེད་དང་གཞན་འབྲེལ་ཡོད་ཁག་གིས་ལག་དམར་བ་དེར་ཁྲིམས་གཅོད་བྱེད་སྐབས་ཁོ་པ་སྲོག་ཐོག་མི་གཏོང་བའི་རེ་བ་བསྟོན་ཡོད་འདུག ཨ་དཀོན་རིན་པོ་ཆེ་མཆོག་གིས་ཕྱག་རོགས་དགེ་ལུགས་ཐུབ་བསྟན་ལགས་ཀྱིས་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་བཟོད་བསྲན་ཉམས་ལེན་དང་ཡིད་ཆེས་ཡོད་ཙང་། མི་གཅིག་གི་ཚེ་སྲོག་བཅད་པར་བརྟེན་ནས་ཡང་མི་གཞན་ཞིག་གི་ཚེ་སྲོག་འཕྲོག་རྒྱུ་སྐྱུག་དྲོ་པོ་ཞིག་རེད་ཅེས་བརྗོད་འདུག ཁྲིམས་ཁང་གི་ལས་བྱེད་ཞིག་གིས་ཁྲིམས་བཤེར་དེ་ཉིན་མ་གསུམ་འགོར་རྒྱུ་ཡིན་པ་བརྗོད་འདུག
ཨ་དཀོན་རིན་པོ་ཆེ་མཆོག་ནི། ཆབ་མདོ་ངོམ་རྒྱུད་མདའ་རག་གྲོང་སྡེར་སྐུ་འཁྲུངས་པ་དང་། ཕྱི་ལོ་༡༩༦༣ལོར་དབྱིན་ཡུལ་དུ་ཕེབས་ཏེ་ནུབ་ཕྱོགས་སུ་བོད་པའི་དགོན་པ་དང་པོ་བཀའ་བརྒྱུད་བསམ་ཡས་གླིང་ཕྱག་བཏབ་གནང་མཁན་དེ་ཡིན་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།