ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་སྐོར།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་མཛད་སྒོ་གནང་བཞག་།

2012.06.28

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཁ་ས་ཚེས་ ༢༨ རེས་གཟའ་ཕུར་བུའི་ཉིན་ བཞུགས་སྒར་རུ་རྟེན་གཞི་བྱས་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་དུ་ ལྟེ་གནས་ཁང་དེ་དབུ་བརྙེས་ནས་ ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་མཛད་སྒོ་གནང་ཡོད་པ་རེད་ མཛད་སྒོའི་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་ རྩོམ་སྒྲིག་པ་དང་རྩོམ་པ་པོ་འབྲེལ་ཡོད་བཅས་ ཁྱོན་མི་གྲངས་སུམ་ཅུ་བརྒལ་བ་ལྷན་འཛོམས་ཐོག་ སྐུ་མགྲོན་རྣམས་ལ་གསོལ་ཇ་བཞེས་ཏོག་འབུལ་ལམ་ཞུས་པ་དང་ དེ་རྗེས་ད་ལྟའི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ ཞིབ་འཇུག་ཁང་དེ་བཙུགས་ནས་མི་ལོ་ཉི་ཤུའི་རིང་ལས་དོན་གང་ཞིག་སྤེལ་བ་དང་ དཀའ་ངལ་ཇི་འཕྲད་ ད་ལྟའི་གནས་སྟངས་ཇི་ཡིན་སོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་འདུག་ དེ་རྗེས་ཞིབ་འཇུག་ཁང་དེའི་འགན་འཛིན་ཟུར་པ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ ཕྱི་ལོ་ ༡༩༥༨ ལོར་པར་བསྐྲུན་གནང་པའི་ བོད་ལྗོངས་བསྟན་སྲུང་དམག་གི་རྩ་ཁྲིམས་བཀྲ་ཤིས་གཟི་ལྡན་ཞེས་པའི་དེབ་རྙིང་པ་ པར་བསློག་འགྲེམས་སྟོན་དབུ་འབྱེད་དང་ སྐབས་དེའི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་སྐོར་མདོར་བསྡུས་གསུང་བཤད་གནང་ཡོད་པ་རེད་  དེ་རྗེས་ཞིབ་འཇུག་ཁང་དེའི་འགན་འཛིན་ཟུར་པ་སྐུ་ཞབས་ལྷ་བཟང་ཚེ་རིང་ལགས་ཀྱིས་ བཙན་བྱོལ་དུ་འབྱོར་རྗེས་  བོད་མི་དཔའ་བོ་རྣམས་ནས་ཕྱི་ལོ་ ༡༩༦༠ ནས་ ༡༩༧༤ བར་ གློ་དམག་སྒར་ནང་འཛུལ་ཞུགས་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་དང་འབྲེལ་བའི་པར་རྙིང་ཁག་ཅིག་དྲན་གསོའི་ཆེད་འགྲེམས་སྟོན་གནང་པ་དེ་དབུ་འབྱེད་གནང་པ་དང་ ཁོང་རང་ཉིད་ཀྱི་འཚོ་བ་དངོས་དང་སྐབས་དེའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་བཤད་གནང་འདུག་ དེ་བཞིན་ཡང་ ཨ་རི་བ་པི་ཊར་རྦ་རའོན་ལགས་ཀྱིས་ བཀའ་གཙིགས་དང་རྡོ་རིང་ཡི་གེ་ཞེས་པའི་ཕྱག་དཔེ་དབུ་འབྱེད་དང་གསུང་བཤད་སྙིང་བསྡུས་ཤིག་གནང་འདུག་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎