ཨན་ན་ཧ་ཛ་རེ་ཡིས་ཟས་བཅད་མཚམས་བཞག་པ།

རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གནང་མཁན་དོན་གཉེར་བ་ཨན་ན་ཧ་ཛ་རེ་ཡིས་བསྐྱར་དུ་སྐྱོན་བརྗོད་གནང་བཞག
2011-12-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྲོས་ཚོགས་འོག་མས་ཡུལ་གྱི་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞི་གསར་པ་ཞིག་རེས་གཟའ་ཟླ་བའི་ཉིན་གཏན་འབེབས་གནང་བ་དེར། རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གནང་མཁན་དོན་གཉེར་བ་ཨན་ན་ཧ་ཛ་རེ་ཡིས་བསྐྱར་དུ་སྐྱོན་བརྗོད་གནང་བཞག
ཨན་ན་ཧ་ཛ་རེ་ཡིས་ཉིན་གཉིས་རིང་གི་བཟས་བཅད་ངོ་རྒོལ་དེ་མཚམས་འཇོག་གནང་ནས་མང་ཚོགས་ཀྱིས་གཞུང་གི་བཀའ་ལ་མི་བརྩི་བའི་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་གནང་རྒྱུའི་ཉེན་བརྡ་བཏང་གནང་འདུག ཁོང་གིས་དབུས་གཞུང་ལ་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་ཁྲིམས་གཞི་གཏན་འབེབས་གནང་བ་དེ་ནི་ཕན་ནུས་མེད་པའི་ཁྲིམས་གཞི་སྐྱོ་པོ་ཞིག་ལ་ངོས་འཛིན་གནང་སྟེ། ཁྲིམས་གཞི་དེར་བསྐྱར་བཅོས་གནང་དགོས་རྒྱུའི་དགོས་འདུན་བཏོན་གནང་སྟེ་རེས་གཟའ་མིག་དམར་ཉིན་བཟས་བཅད་ངོ་རྒོལ་དབུ་འཛུགས་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།