དྲུག་བཞི་སླེབས་ལ་ཉེ་བར་རྒྱ་ནག་གིས་དམ་བསྒྲགས་ཆེ་རུ་བཏང་བ།

2016-05-31
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ནང་དྲུག་བཞི་དམངས་གཙོའི་ལས་འགུལ་བྱུང་སྐབས། ༡༩༨༩།༦
རྒྱ་ནག་ནང་དྲུག་བཞི་དམངས་གཙོའི་ལས་འགུལ་བྱུང་སྐབས། ༡༩༨༩།༦
པར་ཚགས།

རྒྱ་ནག་ཏུ་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་བྱུང་ནས་ལོ་༢༧་འཁོར་ལ་ཉེ་བའི་སྐབས་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག།
དེ་ཡང་སྤྱི་ཟླ་༥་ཚེས་༣༠ཉིན་ཨེ་ཕེ་སོགས་བརྒྱུད་ལམ་ཆེ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཏུ་སྤྱི་ལོ་༡༩༨༩་ལོའི་ཟླ་༦་ཚེས་༤་ཉིན་པེ་ཅིན་དུ་སློབ་གྲ་ཆེན་མོའི་སློབ་ཕྲུག་གཙོ་བོར་གྱུར་བའི་མི་མང་གི་དམངས་གཙོའི་ལས་འགུལ་ལ་གཞུང་གིས་དྲག་གནོན་བྱས་ནས་ལོ་༢༧་འཁོར་ལ་ཉེ་བའི་སྐབས་སུ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་སྐྱེད་མ་ཞེས་མིང་ཐོགས་པའི་དགེ་རྒན་ཆེན་མོ་བ་ཏིང་ཙེ་ལིང་གི་ཁྱིམ་ལ་ཟླ་༦ཚེས་༡་ཉིན་ནས་བཟུང་ཉེན་རྟོག་པས་སོ་ལྟ་བྱེད་རྒྱུ་མ་ཟད། ཏེང་ཙི་ལིང་གི་ཁྱིམ་གྱི་ཁ་པར་ཡང་བཅད་ཡོད་པ་རེད། ཏིང་ཙི་ལིང་གིས་BBC་གསར་ལས་ཁང་ལ། ཁོང་རང་ད་ལྟ་བསམ་བློ་གཅིག་སྒྲིལ་གྱིས་དྲན་གསོའི་ལོ་རྒྱུས་དེབ་རྩོམ་སྒྲིག་བྱས་ཏེ་ཁོང་རང་ཉིད་ཀྱིས་བརྒྱུད་པའི་མྱོང་བའི་ལོ་རྒྱུས་དེ་མི་རབས་རྗེས་མར་རྩིས་སྤྲོད་བྱས་ཏེ་སྤྱི་༡༩༨༩ལོའི་ཟླ་༦ཚེས་༤་ཉིན་མོ་དེ་གང་ཞིག་བྱུང་བའི་སྐོར་མི་རབས་རྗེས་མ་ཚོས་ཤེས་ཐུབ་པ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་འགྲེལ་བྱས་ཡོད་འདུག།  
དྲུག་བཞིའི་དྲན་གསོའི་ཉིན་མོ་རན་གྲབས་ཀྱི་སྐབས་དེར་རྒྱ་ནག་གཞུང་ཕྱོགས་ཀྱིས་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་ཁྲུང་ཆིང་གི་སྤྱི་འབངས་ལིའུ་ཡའ་ཤུན་གྱིས་དྲུག་བཞིའི་སྐོར་དྲ་གནས་སུ་གནས་ཚུལ་བཀོད་པར་ཉེན་རྟོག་པས་ཚོུད་བཅུ་ཙམ་བཀག་ཉར་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ས་གནས་ཁག་ཏུ་ཀོའོ་ཕེ་ཞུང་གི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་མཁན་ལ་ཉེན་རྟོག་པས་རྡུང་རྡེག་བཏང་ནས་ཉུང་མཐར་མི་དགུ་ཙམ་ཉེན་རྟོག་ཁང་དུ་སྐད་བཏང་བ་དང་། ལ་ལ་བཀག་ཉར་བྱས་ཡོད་འདུག    
ད་དུང་རྒྱ་ནག་ཟི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༧་འཁོར་མ་རན་ཙམ་ལ། ས་གནས་ཀྱི་ཕུའུ་ཧའི་ལུའུ་ཟེར་བའི་མི་ཞིག་གིས་བཟའ་ཆའི་ཤེལ་དམ་སྒང་དྲུག་བཞི་མ་བརྗེད་པ་བྱེད་ཅེས་ཡི་གེ་བཀོད་པའི་དོན་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།  
གཞན་ཡང་མགྱོགས་པོ་དྲུག་བཞིའི་དོན་རྐྱེན་བྱུང་བའི་དྲན་གསོའི་སྐབས་དང་བསྟུན་ཨ་རི་དང་ཧོང་ཀོང་སོགས་སུ་ལས་འགུལ་འདྲ་མིན་སྤེལ་ནས་དྲན་གསོ་བྱེད་རྒྱུ་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།