ཤིན་ཅང་ལ་འབར་རྫས་གས་གཏོར་བྱུང་ནས་མི་༥༠ཤི་འདུག


2014.09.26
ཤིན་ཅང་གི་ས་གནས་ཁག་གསུམ་ཙམ་ནང་འབར་རྫས་གས་གཏོར། ༢༠༡༤།༩།༢༡ ཤིན་ཅང་གི་ས་གནས་ཁག་གསུམ་ཙམ་ནང་འབར་རྫས་གས་གཏོར། ༢༠༡༤།༩།༢༡
མོ་ལེ་གསར་བརྗེ་དྲ་བ།

2014-09-26

ཤིན་ཅང་གི་ས་གནས་ཁག་གསུམ་ཙམ་ནང་འབར་རྫས་གས་གཏོར་གྱི་དོན་རྐྱེན་འོག་མི་༥༠ཙམ་རྐྱེན་འདས་སུ་ཕྱིན་འདུག
ཉེ་ཆར་རེས་གཟའ་ཉི་མའི་ཉིན་Luntaiཞེས་པའི་ཤར་ཏུར་ཀི་སི་ཐན་གྱི་ས་ཁུལ་ནང་ ཉེན་རྟོག་ལས་ཁུངས་གཉིས་དང་། སྔོ་ཚལ་གྱི་ཁྲོམ་ས། དེ་བཞིན་ཚོང་ཁང་གཅིག་བཅས་ལ་ འབར་རྗས་ཀྱི་གཏོར་རྒོལ་བྱུང་བའི་དོན་རྐྱེན་ནང་མི་གཉིས་རྐྱེན་ལམ་དུ་སོང་བ་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ལུགས་ས་གནས་གཞུང་ནས་བརྗོད་ཡོད་པ་རེད། ཡིན་ཡང་ཚེས་༢༦ཉིན་Tianshan net ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་གནས་ཚུལ་བཀོད་པར་གཞིགས་ན། གོང་གསལ་འབར་རྗས་གཏོར་རྒོལ་གྱི་དོན་རྐྱེན་དེའི་འོག་ཉེན་རྟོག་པ་གཉིས་དང་། ཉེན་རྟོག་པའི་ལས་རོགས་གཉིས། དེ་བཞིན་མི་མང་དཀྱུས་མ་དྲུག་བཅས་རྐྱེན་འདས་སུ་སོང་བ་དང་། མི་གྲངས་༥༤རྨས་སྐྱོན་ཕོག་པ་མ་ཟད། བདེ་འཇགས་མི་སྣས་མེ་འཕེན་བྱས་པ་འམ་ཡང་ན། འབར་རྗས་རྐྱེན་པས་ཁྱོན་གཏོར་རྒོལ་བ་དྲག་སྤྱོད་མི་སྣ་༤༠དམར་བསད་བཏང་ཐུབ་ཡོད་ལུགས་བརྗོད་འདུག གནས་ཚུལ་ནང་མུ་མཐུད་བཀོད་པར། གཏོར་རྒོལ་བ་དྲག་སྤྱོད་པ་གཉིས་ཉེན་རྟོག་པས་འཛིན་བཟུང་ཐུབ་ཡོད་པ་དང་། འབར་རྗས་ཀྱི་དོན་རྐྱེན་ལ་རྩད་ཞིབ་བྱས་པའི་རྗེས་ད་རེས་ཀྱི་གཏོར་རྒོལ་འདི་བཞིན་Mamat Tursun འབོད་པའི་ཡུ་གུར་བ་ཞིག་ནས་བྱུས་བཀོད་བྱས་ཡོད་ལུགས་དང་། ཁོ་པ་ཡང་ཉེན་རྟོག་པའི་མེ་འཕེན་འོག་རྐྱེན་ལམ་དུ་སོང་ཡོད་པ་སོགས་འཁོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2014-09-22

ཤིན་ཅང་གི་ས་གནས་ཁག་གསུམ་ཙམ་ནང་འབར་རྫས་གས་གཏོར་གྱི་དོན་རྐྱེན་འོག་མི་གྲངས་གཉིས་རྐྱེན་འདས་སུ་ཕྱིན་འདུག
དེ་ཡང་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུ་ཀི་སི་ཏན་ལྷོ་ངོས་Luntaiམངའ་ཁུལ་གྱི་ཁྲོམ་སའི་ས་ཁུལ་གཙོས་པའི་ས་གནས་ཁག་གསུམ་ཙམ་ནང་རེས་གཟའ་ཉིན་མའི་ཉིན་འབར་རྫས་གས་བའི་དོན་རྐྱེན་བྱུང་ནས་མི་གྲངས་གཉིས་རྐྱེན་འདས་སུ་ཕྱིན་པ་དང་། དེ་བཞིན་མི་མང་པོ་ཞིག་རྨས་སྐྱོན་ཕོག་པའི་གནས་ཚུལ་Tianshan དྲ་བརྙན་ནང་སྤེལ་ཡོད་ཀྱང་དོན་རྐྱེན་ག་རེའི་འོག་འབར་གས་ཀྱི་གནས་ཚུལ་བྱུང་བ་དང་། དེ་བཞིན་མི་མང་ག་ཚོད་ཙམ་ལ་རྨས་སྐྱོན་ཕོག་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མི་འདུག དེ་ག་ནང་བཞིན་ས་གནས་འབྲེལ་ཡོད་ལས་ཁུངས་ནས་ཀྱང་ཁ་ས་རེས་གཟའ་ཉི་མའི་ཉིན་འབར་གས་ཀྱི་དོན་རྐྱེན་སྐོར་གནས་ཚུལ་ཁ་གསལ་གང་ཡང་སྤེལ་མེད་པར་བརྟེན་AFP གསར་འགྱུར་བརྒྱུད་ལམ་ཁང་ནས་ས་གནས་ལ་དེའི་སྐོར་གནས་ཚུལ་བཅའ་འདྲིའི་ཆེད་འབྲེལ་བ་ཞུས་ཡོད་ཀྱང་ས་གནས་ནང་དམ་དྲག་ཧ་ཅང་ཆེན་པོ་ཡོད་བཞིན་ཡོད་པར་བརྟེན་གནས་ཚུལ་ཁ་གསལ་ཞིག་ར་འཕྲོད་ཐུབ་མེད་པ་རེད། འདས་པའི་ལོ་རྒྱུས་ནང་ཤིང་ཅང་ས་གནས་མི་རིགས་དང་། རྒྱ་མི་རིགས་དབར་འཁྲུག་རྩོད་ཀྱི་དོན་རྐྱེན་འོག་ས་གནས་མི་མང་ཉིས་བརྒྱ་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤིང་ཅང་ནང་གི་རང་བཙན་རྩོད་ལེན་པ་དྲག་སྤྱོད་རིང་ལུགས་པ་ཡིན་པར་སྐྱོན་བརྗོད་བྱས་ནས་ཡུལ་དེའི་ནང་ཆོས་དང་། རིག་གཞུང་གི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ ། ཉེ་ཆར་Kunming མངའ་ཁུལ་དུ་གྲི་རྒྱབ་པའི་དོན་རྐྱེན་འོག་ཟླ་བ་འདིའི་འགོ་སྟོད་དུ་ཤིན་ཅང་ནང་མི་གསུམ་སྲོག་ཁྲིམས་དང་། ཚེ་བཙོན་གྱི་ཉེས་པ་ཕོག་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་ཤིང་ཅང་མངའ་ཁུལ་དུ་ཆོས་ཕྱོགས་ཀྱི་འདུ་འཛོམས་ལ་སོགས་པའི་མི་སྣ་འགའ་ཤས་འདུ་རུབ་བྱས་པ་སོགས་ཀྱི་ཐད་ལའང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རེད།  

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎