ས་མཚམས་ཀྱི་རྩོད་རྙོག་སེལ་ཆེད་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་མཇལ་འཕྲད།

2021.07.15
ས་མཚམས་ཀྱི་རྩོད་རྙོག་སེལ་ཆེད་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་མཇལ་འཕྲད།
@DrSJaishankar/twitter

རྒྱ་གར་དང་རྒྱ་ནག་བར་ད་ཡོད་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཆེད་ཡུལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་མཇལ་མོལ་གནང་འདུག
ཏཱ་ཇེ་སུ་ཐན་(Tajiskistan)་གྱི་རྒྱལ་ས་(Dushanbe)་ཧྲང་ཧེ་མཉམ་'འབྲེལ་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དང་བསྟུན། འདི་ཚེས་༡༤་ཉིན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཟུར་དུ་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་ཡོད་པ་དང་། དེའི་རྗེས་རྒྱ་གར་གྱི་ཕྱིད་སྲིད་བློན་ཆེན་(S. Jaishakar)་གྱིས་ཡུལ་གཉིས་བར་ཞི་བདེ་ལྷིང་འཇགས་ཆ་ཚང་བ་ཞིག་བསྐྱར་གསོ་བྱ་རྒྱུ་ནི་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན་ལུགས་(twitter)་དྲ་ལམ་དུ་གསུང་འདུག ཕྱོགས་མཚུངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ཡིས་ས་མཚམས་ཀྱི་དཀའ་རྙོག་དེ་ཕྱོགས་གཉིས་ཀར་ཁེ་ཕན་མེད་པར་བརྟེན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་ལུགས་གསུངས་ཡོད་པ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ལུང་འདྲེན་བྱས་བ་དང་མཉམ། ཡུལ་གཉིས་ནི་མཐུན་ཕྱོགས་མཛའ་འབྲེལ་གྱི་འཐབ་གྲོགས་ཡིན་པ་ལས་ཕྱོགས་འགལ་དགྲ་བོ་མིན་ལུགས་བཀོད་འདུག
རྒྱ་དཀར་ནག་ཡུལ་གཉིས་ཀྱི་དམག་དཔོན་དང་། ཕྱི་འབྲེལ་མི་སྣ། བདེ་སྲུང་བློན་ཆེན་བཅས་ཀྱིས་ལོ་གཅིག་ལྷག་རིང་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུའི་གྲོས་མོལ་རིམ་པ་གནང་ཡོད་ཀྱང་ད་བར་དཀའ་རྙོག་སེལ་ཐུབ་མེད་པ་རེད། རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ཡུལ་གཉིས་ཀྱི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་གནང་གཏན་འཁེལ་ཡོད་ལུགས་གསུངས་འདུག
སྔ་ལོར་ལ་དྭགས་མཐའ་མཚམས་ཁུལ་དུ་ས་མཚམས་ཀྱི་རྩོད་རྙོག་སྐབས་འཁྲུག་འཛིང་ཤོར་ནས་རྒྱ་གར་གྱི་དམག་མི་༢༠་དང་རྒྱ་ནག་གི་དམག་མི་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། དེ་ནས་ཕྱོགས་གཉིས་ཀས་བྱང་ཕྱོགས་ལ་དྭགས་དང་། ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་བཅས་སུ་དམག་མི་སྟོང་ཕྲག་མང་པོ་དང་གོ་མཚོན་ལག་ཆ་འགྲེམས་འཇོག་བྱས་ཡོད་རེད།
གནས་ཚུལ་ཐོན་པར་གཞིགས་ན། ལ་དྭགས་ཁུལ་དུ་ཡང་བསྐྱར་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་ཡོད་ཀྱང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དམག་མིས་འཁྲུག་རྩོད་བྱུང་བ་ངོས་ལེན་གནང་མི་འདུག

གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་འདུག  འོན་ཀྱང་རྐྱེན་འདས་གྱུར་བའི་གྲངས་འབོར་དེ་བས་མང་བ་ཡོད་ཉེན་ཆེ་སྐོར་བོད་ནང་ནས་བརྗོད་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎