གསེར་རྟ་བླ་རུང་ཆོས་སྒར་ལ་འགྲོ་སར་འགག་སྒོ་གཉིས་བཙུགས་འདུག

2017-12-14
གློག་འཕྲིན།
མཆན།
Share
པར་བཀོད།
གསེར་རྟ་བླ་རུང་ཆོས་སྒར་ལ་འགྲོ་སའི་འགག་སྒོ ༢༠༡༧།༡༢
གསེར་རྟ་བླ་རུང་ཆོས་སྒར་ལ་འགྲོ་སའི་འགག་སྒོ ༢༠༡༧།༡༢
ཀུན་བཟང་བསྟན་འཛིན། བོད་འབྱོར།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་འགྲོ་སའི་ལམ་ལ་འགག་སྒོ་གཉིས་བཙུགས་ནས་དགེ་འདུན་པ་དང་བཙུན་མ་རྣམས་ལ་སྲིད་གཞུང་ནས་སྤྲད་པའི་ལམ་ཡིག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་། དགེ་བཙུན་ཕྱིར་འབུད་བཏང་བ་སོགས་བྱས་རྗེས་ད་ཆ་དགེ་བཙུན་ལྔ་སྟོང་ཙམ་དུ་གྲངས་ཚད་གཏེན་བེབས་བཟོས་པ་དང་མཉམ་དུ་ད་ཆ་བླ་རུང་སྒར་དུ་འཛུལ་རྒྱུར་ཞིབ་བཤེར་ས་ཚུགས་འགག་སྒོ་གཉིས་བཙུགས་འདུག་པ་མ་ཟད། དགེ་འདུན་པ་དང་བཙུན་མ་རྣམས་འགྲོ་འོང་བྱེད་པའི་སྐབས་སུ་སྲིད་གཞུང་ནས་ཆོག་མཆན་ཡོད་པའི་ལམ་ཡིག་ཅེས་པ་ཞིག་ཡོད་མེད་ལ་རྟོག་ཞིབ་བྱེད་བཞིན་པ་མ་ཟད། དེ་གར་དམག་མི་འགྲེམས་འཇོག་དང་དམིགས་བསལ་དེང་དུས་ཀྱི་གློག་་གི་རྟག་དཔྱད་བྱེད་སའི་སྒོ་ཆུང་དེ་འདྲ་བཙུགས་ནས་ནང་དུ་འཛུལ་བཅུག་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་བོད་ནས་གནས་ཚུལ་ངོ་སྤྲོད་བྱས་ཡོད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། ཕབ་བཤུས་བོད་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།