ཨོ་ལིམ་པིག་རྩེད་འགྲན་རིང་དམ་བསྒྲཌ་ཆེན་པོ་བྱེད་འཆར།

རྒྱ་ནག་གི་རྩེད་འགྲན་ཆེན་མོའི་སྐབས་ཟིང་ཆ་མི་ཡོང་བ་སྔོན་འགོག་བྱེད་ཕྱིར་ས་གནས་སྲིད་གཞུང་ཁག་ལ་བཀོད་ཁྱབ་བཏང་འདུག

2008-06-30
Share

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་འགོ་ཚུགས་རྒྱུའི་དུས་ཚོད་ཉེ་རུ་ཉེ་རུ་འགྲོ་བའི་སྐབས་དང་བསྟུན་ཏེ་ རྩེད་འགྲན་ཆེན་པོ་དེའི་འགོ་མཇུག་བར་གསུམ་རིང་ རྒྱ་ནག་གི་ཁྱོན་ལ་མི་མང་གི་ངོ་རྒོལ་སོགས་ ཟིང་ཆ་མི་ཡོང་བ་སྔོན་འགོག་བྱེད་ཕྱིར་ ཨོ་ལིམ་པིག་གི་རྩེད་འགྲན་ཆེན་མོའི་གཟི་བརྗིད་དང་ ཆེ་ཐོངས་ དེ་བཞིན་རྩེད་འགྲན་ཆེན་མོ་དེའི་བཀྲག་མདངས་ཉམ་ཆག་གཏོང་རྒྱུའི་བྱ་སྤྱོད་རིགས་སྔོན་ཚུད་ནས་མི་ཡོང་བ་བཀག་འགོག་བྱེད་ཕྱིར་ རྒྱ་ནག་ཁྱོན་ཡོངས་ནང་གི་ས་གནས་སྲིད་གཞུང་ཁག་ལ་ ཡོངས་ཁྱབ་ཁ་པར་བརྒྱུད་ལམ་ཐོག་ལ་བཀོད་ཁྱབ་ནན་པོ་བཏང་སྟེ་ ཛ་དྲག་གི་བཀོད་རྒྱ་དེ་བཞིན་རྒྱ་ནག་གཞུང་འབྲེལ་གནས་འཕྲིན་དྲ་རྒྱའི་ཐོག་ལ་དཔར་འགྲེམས་བྱས་ཡོད་པ་རེད་ ཡོངས་ཁྱབ་བཀོད་རྒྱ་དེའི་ནང་ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་ཆེན་མོ་དེ་བཞིན་ཞི་འཇམ་བག་ཕེབས་ངང་གོ་སྒྲིག་བྱེད་ཐུབ་པ་བྱ་རྒྱུ་ནི་ རྒྱ་ནག་གཞུང་གི་ལས་ཁུངས་ཆེ་ཕྲ་ཆུང་གསུམ་ཚང་མའི་དམག་འཐབ་ཀྱི་ལས་འགན་ཞིག་ཡིན་པ་ཆགས་ཡོག་རེད་ཅེས་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་ནང་གི་གྲོང་ཁྱེར་ཏེ་ཆིང་ཟེར་བའི་གནས་འཕྲིན་དྲ་རྒྱའི་ཐོག་ལ་སྦྱར་ཡོད་པ་རེད་ རྒྱ་ནག་གི་གཞུང་འཛིན་དམར་ཤོག་ཚོགས་པའི་སྲིད་བྱུས་ནི་ ཨོ་ལིམ་པིག་གི་རྩེད་འགྲན་མ་ཚུགས་གོང་ནས་ རྒྱ་ནག་དེ་བཞིན་ཞི་བདེ་དང་ བརྟན་ལྷིངས་ མཉམ་མཐུན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ཕྱི་ལ་འགྲེམས་སྟོན་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།