བླ་མ་རྫུན་མ་དང་གྲ་རྫུན་ཚོར་ཉེན་བརྡ་བཏང་འདུག


2017.03.13
རྒྱ་ནག་གཞུང་གིས་ངོས་འཛིན་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ། ༢༠༡༧།༣།༡༡ རྒྱ་ནག་གཞུང་གིས་ངོས་འཛིན་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ། ༢༠༡༧།༣།༡༡
དྲ་བཤུས།

རྒྱ་ནག་གིས་ངོས་འཛིན་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུས་བླ་མ་རྫུན་མ་དང་གྲྭ་བ་རྫུན་མའི་གནད་དོན་གླེང་ནས་ཉེན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་རྒྱ་ནག་ཏུ་ཚོགས་བཞིན་པའི་སྐབས་༡༢་པའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཚོགས་འདུ་ལྔ་པའི་ཐོག ཚོང་ཟོག་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནང་བསྟན་ཆོས་ལུགས་ལའང་ཚོང་ཟོག་ཅན་གྱི་བརྡབས་གཞུ་ཕོག་ཡོད་པ་རེད། དཔེར་ན། ཆོས་པ་འགའ་ཤས་ཀྱིས་སྡོམ་ཁྲིམས་གཙང་མ་མ་སྲུང་བ་དང་། སོ་སོའི་མིང་གྲགས་ཡོང་ཡ་ལ་འབད་བརྩོན་བྱེད་པ། ས་ཆ་འགའ་ཤས་ལ་དགོན་པ་དེ་དངུལ་གསོག་སྒྲུབ་བྱེད་ས་ཞིག་ལ་རྩིས་ཏེ་སྒེར་བདག་དགོན་པ་དང་། ཚོང་ར་ཞིག་ལ་གྱུར་ཡོད་པ་རེད། དེ་བས་ཀྱང་བླ་མ་རྫུན་མ་དང་། གྲ་པ་རྫུན་མ་འགའ་ཤས་ཀྱིས་མ་ཡིན་ཡིན་དོགས་ཀྱིས་ཆོས་ལུགས་བཤད་ཁུལ་བྱས་ཏེ་རྒྱུ་ནོར་ཧམ་འཕྲོག་བྱེད་ཀྱི་ཡོད་པ་རེད། གོང་གསལ་གནས་ཚུལ་དེའི་རིགས་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་འཕེལ་ཕྱོགས་བཟང་པོ་གཙོ་བོ་དེ་ཚོའི་ཚབ་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་དེས་ཤུགས་རྐྱེན་ངན་པ་ཞེ་དྲག་བཟོས་ཡོད་པ་རེད། བརྗིད་ཆགས་ཤིང་བྱམས་བརྩེ་ལྡན་པའི་ནང་བསྟན་ཆོས་ལུགས་ཀྱི་རྣམ་པ་གཙོག་པ་བཟོས་པ་དང་། དབེན་གནས་ཆོས་བྱེད་ས་དེ་མི་ངན་དེ་རིགས་ཀྱིས་དུག་སྐྱོན་བཏང་ཡོད་པ་རེད་ཅེས་དང་། ཁྲིམས་དང་སྡོམ་ཁྲིམས་དོ་དམ་ལ་ཤུགས་སྣོན་རྒྱབ་དགོས་པ་མ་ཟད། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན། སྡོམ་ཁྲིམས་མ་སྲུང་མཁན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུང་ནས་དགོན་སྡེའི་ནང་གཙོ་གནད་སྡོམ་ཁྲིམས་མ་སྲུང་མཁན་བཅོས་སྒྲིག་གནང་དགོས། བླ་མ་རྫུན་མ་དང་། གྲ་པ་རྫུན་མའི་སྣང་ཚུལ་ཐོན་རིགས་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་ཡུན་རིང་པོའི་དོ་དམ་ལམ་ལུགས་བཙུགས་གནང་སྟེ་གནས་ཚུལ་ཐོན་མ་ཐག་ལམ་སེང་ཐག་གཅོད་གནང་དགོས་པ་དང་། དགོན་སྡེ་ཁག་གིས་བསླབ་པ་སློབ་གཉེར་ལ་འབད་བརྩོན་གནང་དགོས་པ་དང་བསྟན་པ་དར་འཕེལ་ཡོང་བའི་དམིགས་ཡུལ་བཟུང་བའི་ཐོག་ནས་ཆོས་ལུགས་ལས་རིགས་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་། བརྟན་ལྷིང་ལ་ལེགས་སྐྱེས་འབུལ་དགོས་པ་སོགས་ཀྱི་གཏམ་བཤད་སྤེལ་གནང་ཡོད་པ་དང་། ད་དུང་ཆོས་ལུགས་ལས་དོན་ཡག་པོ་གནང་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། མིའི་རིགས་ཀྱི་བདེ་ཐབས་ཆེད་དུས་རབས་གསར་པའི་ལེགས་སྐྱེས་འབུལ་དགོས་ཞེས་རྒྱ་སྐད་ཐོག་ནས་གཏམ་བཤད་སྤེལ་བ་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས་དང་། དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎