ལྷ་ས་གྲོང་ཁྱེར་ནང་དམག་སྦྱོང་དང་འབྲེལ་བའི་མཁའ་ཟོན་ཉེན་བརྡ་ཚོད་ལྟ་བྱས་འདུག

0:00 / 0:00

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ནང་དམག་སྦྱོང་དང་འབྲེལ་བའི་མཁའ་ཟོན་ཉེན་བརྡ་ཚོད་ལྟ་བྱས་ཡོད་པ་མ་ཟད། ལྷོ་ཁ། གཞིས་ཀ་རྩེ། དེ་བཞིན་ལྷ་སའི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་སོགས་ཀྱི་ནང་དུའང་ཚོད་ལྟ་བྱས་འདུག འདི་ཚེས་༡༩ཉིན་ལྷ་ས་གྲོང་ཁྱེར་ནང་དམག་སྦྱོང་དང་འབྲེལ་བའི་མཁའ་ཟོན་ཉེན་བརྡ་ཟེར་བ་ཞིག་གཏོང་རྒྱུ་ཡིན་ལུཌ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཉེ་ལམ་གསལ་བསྒྲགས་ཤིག་སྤེལ་འདུག་ཅིང་། འདི་ག་རླུང་འཕྲིན་ཁང་གིས་ལྷ་སར་བོད་མི་ཁག་ཅིག་ལ་ཉེན་བརྡའི་གནས་སྟངས་སྐོར་གནས་ཚུལ་རྒྱུས་ལོན་ཞུས་པར་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་བརྙན་པར་དང་བཅས་འདི་གའི་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་ནང་ལྷ་སའི་ཁུལ་དུ་ཉེན་བརྡའི་སྒྲ་དང་མེ་མདའི་སྒྲ་བཅས་དུས་གཅིག་ཏུ་བསྒྲགས་ཏེ། མི་རྣམས་འགུལ་སྐྱོད་མ་བྱས་པར་རང་སར་གནས་པའི་བརྙན་ཐུང་སོགས་འབྱོར་བྱུང་ལ། བོད་མི་ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་ལྷ་སའི་ཁུལ་དུ་རྒྱ་མི་དམག་མིའི་གྲངས་འབོར་ཇེ་མང་དུ་གཏོང་བཞིན་པའི་ཁར། ཉེན་རྟོག་ཁང་གསར་པའི་རིགས་མང་དུ་གཏོང་བཞིན་ཡོད་པ་དང་། བོད་པའི་དམག་མི་མང་པོ་ཞིག་ས་མཚམས་ཀྱི་ཕྱོགས་སུ་བཏང་ཡོད་ལུགས་འགྲེལ་བརྗོད་གནང་བྱུང་ལ། ལྷ་སའི་གྲོང་ཁྱེར་ནང་གལ་ཏེ་ངོ་རྒོལ་དང་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་གནས་ཚུལ་རིགས་ལྷག་པ་ཡིན་ཚེ། ཉེན་རྟོག་པ་དང་དམག་མི་དེ་དག་གྲ་སྒྲིག་ཨང་སར་བྱས་ནས་བསྡད་ཡོད་པ་འགྲེལ་བརྗོད་གནང་འདུག དེའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱི་ལོ་༢༠༠༩ལོར་ལྷ་སའི་ནང་དམག་སྦྱོང་བྱས་པ་བཞིན། ད་རེས་ཀྱི་སྦྱོང་བརྡར་འདིས་བོད་མི་ཚོར་འཇིགས་སྣང་དང་དངངས་སྐྲག་སླངས་ཡོད་མ་ཟད། ས་མཚམས་ཁག་ཏུ་གནམ་ཐང་གསར་རྒྱག་གིས་དམག་སྦྱོང་བྱེད་བཞིན་པ་དེ་ནི། དཔུང་དམག་ངོམས་པ་དང་བོད་མི་ཚོར་འཇིགས་སྣང་སྐུལ་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་འདུག དམག་སྦྱོང་དང་འབྲེལ་བའི་མཁའ་ཟོན་ཉེན་བརྡ་ཟེར་བ་ཚོད་ལྟ་བྱེད་དགོས་དོན་ནི། སྤྱི་ལོ་༡༩༣༡ཟླ་༩ཚེས་༡༩ཉིན་ཉི་ཧོང་གིས་རྒྱ་ནག་བྱང་ཤར་ཏོ་བྷེའེ་ས་ཁུལ་ནང་བཙན་འཛུལ་བྱས་པའི་དུས་སྐབས་ཤིག་ལ་ངོས་འཛིན་གྱིས། བོད་ཙམ་མ་ཟད་རྒྱ་ནག་རྒྱལ་ཡོངས་སུ་ས་ཆ་མང་པོའི་ནང་མཁའ་ཟོན་ཉེན་བརྡ་བཏང་ཡོད་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་མཁའ་ཟོན་སྦྱོང་བརྡར་རིགས་ནི་དམིགས་བསལ་མཁའ་དམག་གི་ཐོག་ནས་དམག་འཐབ་བྱུང་བ་ཡིན་ན། དེར་གདོང་ལེན་བྱེད་སྟངས་ཀྱི་སྦྱོང་བརྡར་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་ཡོད་པ་རེད།།

Chinese authorities in Tibet’s capital Lhasa་conducted an air-raid drill

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་འཕྲིན་དང་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། ཕྱི་ཚེས་ ༡༩ ཉིན་གྱི་མཁའ་ཟོན་ཉེན་བརྡའི་ཚོད་ལྟ་སྐར་མ་བཅོ་ལྔ་རིང་བྱས་པའི་སྐབས། ལྷ་སའི་གྲོང་མི་ཚོ་རྣམ་ཀུན་ལྟར་རང་རང་སོ་སོའི་བྱ་བ་ཁག་ལ་གཉེར་བའི་ཐོག། ཉེན་བརྡའི་སྒྲ་སྐད་བཏང་སྐབས་མི་ཚང་མས་སོ་སོའི་ལས་མཚམས་བཞག་སྟེ་དེ་མུར་གནས་དགོས་ལུགས་སློབ་གསོ་སྤྲད་འདུག ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་ན་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་མང་དུ་བཏང་ཡོད་འདུག་ལ། དེ་དང་དུས་མཚུངས་བོད་པའི་དམག་མི་མང་པོ་ཞིག་ས་མཚམས་ཀྱི་ཕྱོགས་སུ་བཏང་ཡོད་ལུགས་བརྗོད་བཞིན་པ་འགྲེལ་བརྗོད་བྱས་བྱུང་། Chinese authorities in Tibet’s capital Lhasa་conducted an air-raid drill on Saturday. The residents were told to carry on with their normal activities but to remain still wherever there are when the different types of sirens went off. A source told RFA Tibetan Service that the number of Chinese army and police forces in the Tibetan Capital seem to have increased in the recent months. The source further told us that many Tibetans in the Chinese army are being sent to the "border areas".

Posted by Rfa Tibetan on Friday, September 18, 2020