རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་མི་སྒེར་སོགས་ཀྱི་དྲྭ་རྒྱར་སིམ་འཛུལ་བྱེད་བཞིན་ཡོད་འདུག

2024.04.23
རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་མི་སྒེར་སོགས་ཀྱི་དྲྭ་རྒྱར་སིམ་འཛུལ་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་མི་སྒེར་སོགས་ཀྱི་དྲྭ་རྒྱར་སིམ་འཛུལ་བྱེད་བཞིན་ཡོད་པའི་སྙན་ཐོའི་མདུན་ཤོག ༠༤།༡༨།༢༠༢༤
Turquoise Roof

དེ་ཡང་རྒྱ་ནག་གི་དྲ་རྒྱའི་བདེ་འཇགས་ལས་དོན་སྐོར་གྱི་སྒེར་གཉེར་ཁེ་ལས་ཁང་(I-Soon)་ཞེས་པ་ནས་ཆ་འཕྲིན་ཕྱིར་གྱར་བྱུང་པའི་ནང་དོན་ལྟར། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་ཡོད་པའི་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས། བོད་མི་སྒེར་བ། དེ་བཞིན་ཚོགས་པ་ཁག་གཞན་ལ་སོགས་པའི་དྲྭ་རྒྱའི་ནང་འཛུལ་ནས་ཚུར་རྒོལ་དང་། གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་སོགས་དབྱིན་ཡུལ་དུ་རྟེན་གཞི་བྱས་བའི་(Turquoise Roof)་ཞེས་བའི་གཡུ་ཐོག་ཉམས་ཞིབ་ཁང་གིས་འདི་ཚེས་༡༨ཉིན་སྙན་ཐོ་བཏོན་ནས་ཐེར་འདོན་གནང་ཡོད་པ་དང་། རྒྱ་ནག་གཞུང་གི་དྲྭ་ལམ་སིམ་འཛུལ་གྱི་བྱ་སྤྱོད་དེར་འཛམ་གླིང་མི་མང་གིས་བློ་ཚབས་བྱེད་དགོས་བ་གསལ་སྟོན་གནང་ཡོད་པ་རེད།
དེའི་ཐད་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་(Turquoise Roof)་ཞེས་བའི་གཡུ་ཐོག་ཉམས་ཞིབ་ཁང་གིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་(I-Soon)་ཞེས་པ་ནས་ཡིག་ཆ་མང་པོ་ཕྱིར་གྱར་བྱུང་བ་གཞི་ལ་བཞག་ནས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་མ་འདྲ་བའི་གནས་ཚུལ་ཞིག་ཡོད་པ་ནི། རྒྱ་ནག་གིས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲིན་ཁ་བྱང་ཁ་ཤས་རྐུ་འཁྱེར་བྱས་བའི་རྣམ་པ་གསལ་བོ་ཡོད་པ་སྙན་ཐོའི་ནང་བཀོད་འདུག འདས་བའི་༢༠༡༨་དང་༢༠༡༩་ནས་ཉམས་ཞིབ་བྱས་སྐབས། ཉེ་བའི་ནང་རྒྱ་ནག་གཞུང་གིས་དྲྭ་ལམ་སིམ་འཛུལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་སོང་ཡོད་པ་དང་། དྲྭ་ལམ་སིམ་འཛུལ་བྱས་ནས་གཙོ་བོ་བཙན་བྱོལ་ནང་གི་བོད་མི་ཚོའི་གཞུང་དང་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱས་ནས། མི་སྒེར་གྱི་ལོ་རྒྱུས་གནས་ཚུལ་དང་། ལས་གནས། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས། འབྲེལ་འདྲིས་བྱེད་སྟངས་སོགས་བསྡུ་རུབ་ཀྱིས་བཙན་བྱོལ་སྤྱི་ཚོགས་ལ་ཕྱོགས་འདྲ་མིན་ནས་གདོང་ལེན་དང་རྒོལ་རྡུང་གཏོང་བ་དང་། གནས་ཚུལ་རྫུན་མ་དཀྲམ་པ། སྤྱི་ཚོགས་དཀྲུག་ཐབས་བྱེད་བཞིན་པས་ན། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་མི་སྒེར་ཚོགས་པ་བཅས་ཀྱིས་དེར་ཡིད་གཟབ་ངང་གདོང་ལེན་བྱེད་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། ཨ་སྒྲོལ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎