ཞི་ཅིན་ཕིང་གིས་ཧོང་ཀོང་གི་འགོ་ཁྲིད་ལ་ནད་ཡམས་སྔོན་འགོག་ཐད་ཤུགས་སྣོན་རྒྱག་དགོས་པ་བརྗོད་འདུག
ཧོང་ཀོང་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་ད་ལྟའི་ཆར་ཧོང་ཀོང་ནང་སྲ་བརྟན་དང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མི་འགྲོ་བར་ནད་ཡམས་འགོག་ཐབས་ཀྱི་ལས་དོན་ཐོག་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་ཡིན་ལུགས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་(Carry Lam)་ལ་མཛུབ་སྟོན་བྱས་ཡོད་འདུག
གནད་དོན་དེ་ནི་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་(Carry Lam)་ཡིས། ཁོང་གིས་འགོ་ཁྲིད་པའི་ཧོང་ཀོང་ས་གནས་སྲིད་གཞུང་གི་ངོས་ནས་ཧོང་ཀོང་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་གནད་དོན་ཐད། འགན་ཁུར་ཆེན་པོ་ལེན་བཞིན་ཡོད། ཡིན་ནའང་ད་དུང་ཧོང་ཀོང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེན་པོ་འགྲོ་བཞིན་བའི་དབང་གིས། སྨན་ཁང་ནང་ནད་པ་མང་པོ་ཡོད་དུས་སྨན་ཁང་དང་། སྨན་ཞབས་པ་སོགས་ཕྱོགས་མང་པོ་ནས་དཀའ་ངལ་ཆེན་པོ་ཡོད་ལུགས་བརྗོད་པའི་རྗེས་ཀྱི་ཉིན་གཉིས་པ་དེར། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིར་གིས་དེ་ལྟར་བརྗོད་པ་དེས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ལ་འགན་ཁུར་ཆེན་པོ་སྤུངས་ཡོད་པ་གནས་ཚུལ་ནང་བཀོད་འདུག
ཞི་ཅིང་ཕིང་གིས་བཀོད་ཁྱབ་དེ་རྒྱ་ནག་གི་སྲིད་བློན་གཞོན་པ་(Han Zhen)་ཡིས་(Carry Lam)་ལ་བརྡ་ཁྱབ་གཏོང་དགོས་པའི་བཀོད་མངགས་ལྟར། ཞི་ཅིང་ཕིང་གིས་ད་དུང་ཧོང་ཀོང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཐོག་བློ་ཚབས་ཡོད་པ་དང་། ཁོང་གིས་ཧོང་ཀོང་ས་གནས་མི་མང་གི་བདེ་ཐང་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་ཡང་བརྗོད་ཡོད་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།