རྒྱ་ནག་གིས་ཨ་རིའི་མི་མེད་ཆུ་འོག་དཔྱད་ཞིབ་ཡོ་ཆས་བཙན་འཁྱེར།

2016-12-17
གློག་འཕྲིན།
མཆན།
Share
པར་བཀོད།
USNS Bowditch.
USNS Bowditch.
བི་ཀི་པི་ཌི་ཡ།

༄༅། །ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཨ་རིའི་མི་མེད་ཆུ་འོག་དཔྱད་ཞིབ་ཡོ་ཆས་UUVཟེར་བ་རྒྱ་ནག་གི་མཚོ་དམག་གིས་བཙན་འཁྱེར་བྱས་དོན་ལ་ཨ་རིས་རྒྱ་ནག་ལ་རྒོལ་གླེང་བཏང་བར་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ་ཨ་རིའི་ཕྱོགས་ནས་མཚོ་འོག་ཏུ་དམག་དོན་དཔྱད་ཞིབ་ཆེད་བཏང་བ་ཞིག་ཡིན་པས་རྒྱ་ནག་གིས་ངོ་རྒོལ་བྱེད་རྒྱུ་མ་ཟད།  ཨ་རིའི་ཕྱོགས་ནས་གནད་དོན་དེའི་ཐད་ཕྱོགས་རྐྱང་པས་ཡོངས་གྲགས་ཀྱིས་འུར་གཏམ་ཆེད་བཟོས་བྱེད་པ་དེ་ནི་འོས་ཤིང་འཚམ་པ་ཞིག་མ་ཡིན་པ་དང་།  གནད་དོན་ཐག་གཅོད་བྱེད་རྒྱུར་ཕན་ཐོཌ་མེད་པས་ང་ཚོས་བློ་ཕམ་ཡོད་པའི་རྣམ་འགྱུར་བཟུང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ཨ་རིའི་འོས་འདེམས་བྱུང་བའི་སྲིད་འཛིན་ཌོ་ནལཌ་ཊམ་གྱི་ངོ་དེབ་ཐོག་རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་མཚོ་ཁོངས་སུ་ཨ་རིའི་མཚོ་དམག་གི་མཚོ་འོག་ཚན་རིག་དཔྱད་ཞིབ་ཡོ་ཆས་མཚོ་འོག་ནས་བཙན་འཁྱེར་བྱས་ནས་རྒྱ་ནག་ལ་འཁྱེར་བ་དེ་ནི་སྔར་བྱུང་མྱོང་བའི་བྱེད་སྟངས་ཤིག་ཡིན་པའི་སྐོར་རུས་ཀྲར་གསར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐད་ཉེ་དུས་ཤིག་ནས་བཟུང་ཨ་རིའི་འོས་འདེམས་སྲིད་འཛིན་ ཌོ་ནལཌ་ཊམ་གྱིས་ཐའེ་ཝན་གྱི་སྲིད་འཛིན་ཚའི་དབྱིན་ཝན་དང་ཐད་ཀར་ཞལ་པར་ཐོག་གླེང་མོལ་དང་། དེ་མིན་གླེང་མོལ་ཇི་སྙེད་ཅིག་གནང་ཡོད་པའི་ཐོག་ད་རེས་རྒྱ་ནག་མཚོ་དམག་གིས་ཨ་རིའི་མཚོ་འོག་མི་མེད་དཔྱད་ཞིབ་ཡོ་ཆས་རྒྱ་ནག་གིས་བཙན་འཁྱེར་བྱས་པ་སོགས་ཀྱིས་རྐྱེན་པས་ཨ་རི་དང་རྒྱ་ནག་གཉིས་པོ་གདོང་ཐུག་ལངས་མིན་གྱི་ཐད་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་གཞི་ཞིག་ཆགས་ཡོད་པ་རུས་ཀྲར་སོགས་བརྒྱུད་ལམ་ཐོག་འཁོད་འདུག།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།