ཤིན་ཅང་ནང་ཉེན་རྟོག་པའི་གྲངས་འབོར་མང་རུ་བཏང་བ།

རྒྱ་ནག་གིས་ཤར་ཏུར་ཀིསི་ཐན་མངའ་ཁུལ་ནང་ཉེན་རྟོག་པའི་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་སྐོར་གནས་ཚུལ་སྤེལ་བཞག

2012.01.30

༄༅༎རྒྱ་ནག་གིས་ཤར་ཏུར་ཀིསི་ཐན་མངའ་ཁུལ་ནང་ཉེན་རྟོག་པའི་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། རྒྱ་ནག་གཞུང་འཛིན་པ་ཚོས་ཤར་ཏུར་ཀིསི་ཐན་གྱི་གྲོང་གསེབ་དང་ཞིང་ཁུལ་ས་གནས་ཁག་གི་ནང་ཉེན་རྟོག་པའི་འགོ་ཁྲིད་མང་དུ་གཏོང་རྒྱུར་ཉེན་རྟོག་དཔུང་སྡེའི་དཔོན་རིགས་༨༠༠༠ཙམ་ཞིག་གསར་འཇུག་བསྡུ་སྐོང་བྱ་རྒྱུ་ཡིན་ཞིང༌། ཁོང་ཚོའི་ལས་འགན་གཙོ་བོ་ནི་བདེ་འཇགས་སྲུང་སྐྱོབ་དང༌། སྡོད་ཡུལ་གནས་སྤོས་བྱེད་མཁན་མི་འབོར་ཐོག་བཏང་འཛིན་བྱ་རྒྱུ། ཁྲིམས་མཐུན་མ་ཡིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཐོག་དམ་བསྒྲགས་བྱ་རྒྱུ་སོགས་ཡིན་པ་རེད།
ཤར་ཏུར་ཀིསི་ཐན་ནམ་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་དེ་བཞིན་ཏུར་ཀིའི་སྐད་ཡིག་བེད་སྤྱོད་གཏོང་མཁན་ གཡུ་གུར་མི་རིགས་ཚོའི་ས་གནས་ཡིན་ནའང༌། ཁུལ་དེའི་ནང་གི་སྤྱིའི་མི་འབོར་ས་ཡ་༢༡ཡོད་པའི་ནང་ས་གནས་ད་གའི་གཡུ་གུར་མི་རིགས་བརྒྱ་ཆ་༤༠ལས་མེད་པ་དང༌། དེའི་ལྷག་འཕྲོས་མི་འབོར་མང་བ་དེ་རྒྱ་ཧན་མི་རིགས་ཆགས་ཡོད་པ་རེད། མངའ་ཁུལ་དེའི་ནང་གནས་སྡོད་བྱེད་མཁན་གཡུ་གུར་མི་རིགས་ཚོས་ཁ་ཆེའི་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཁོང་ཚོའི་རིག་གཞུང་དང་ཆོས་ལུགས་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པར་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན། དེང་སྐབས་བོད་ནང་ས་ཕྱོགས་མང་པོར་བོད་མི་ཚོས་རྒྱ་མིའི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་འདྲའི་སྐབས་འདིར། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཐན་ཐོག་དྲག་གནོན་ཆེ་རུ་གཏོང་རྒྱུའི་ཐབས་བྱུས་དེ་ལག་བསྟར་བྱས་ཡོད་པའི་ཚོད་དཔག་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། རྗེས་འཇུག་སློབ་མ་རྣམས་ནས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པའི་བཀའ་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎