རྒྱ་ནག་དང་པཀི་སི་ཐན་གྱི་འབྲེལ་ལམ་སྲ་བརྟན་གཏོང་ཐབས།

རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཏའེ་པིང་གུའོ་དེ་རིང་པ་ཀི་སི་ཐན་དུ་འཚམས་འདྲིར་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

2011-12-23
Share

༄༅༎རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཏའེ་པིང་གུའོ་དེ་རིང་པ་ཀི་སི་ཐན་དུ་འཚམས་འདྲིར་འབྱོར་ཡོད་པ་དང༌། ད་རེས་ཀྱི་འཚམས་འདྲི་དེ་ནི་ཡུལ་གྲུ་གཉིས་པོའི་མ་འོངས་པའི་མཛའ་གྲོགས་ཀྱི་འབྲེལ་ལམ་སྲ་བརྟན་གཏོང་ཐབས་ཀྱི་ཆེད་དུ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་པར་གཞིགས་ན། ད་རེས་ཏའེ་པིང་གུའོ་ཡི་འཚམས་འདྲི་དེའི་རིང་ལ་པ་ཀི་སི་ཐན་གྱི་སྲིད་བློན་སྐུ་ཞབས་ཡུ་སུཕ་ར་ཛ་ཇི་ལ་ནི་དང༌། སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་རྣམ་གཉིས་དང་མཇལ་འཛོམས་བཀའ་མོལ་གནང་གི་ཡོད་པའི་སྐོར་དེ་རིང་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ལྦེ་མིན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་ཅིང༌། ད་དུང་ལིའུ་ལྦེ་མིན་གྱིས་བཤད་དོན། ད་རེས་ཏའེ་བིང་གུའོ་ཡི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི། པ་ཀི་སི་ཐན་དང་རྒྱ་ནག་ཡུལ་གྲུ་གཉིས་པོའི་ཕྱི་འབྲེལ་འབྲེལ་ལམ་བྱུང་ནས་མི་ལོ་༦༠ འཁོར་བའི་མཚོན་དོན་དང༌། ལྷག་དོན་ཡུལ་གྲུ་གཉིས་པོའི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་ལུགས་དང༌། ད་རེས་ཀྱི་འཚམས་འདྲི་དེའི་གོ་སྐབས་བཟུང་སྟེ། ཕྱོགས་གཉིས་པོས་མ་འོངས་པར་མཉམ་འབྲེལ་གྱི་ལས་དོན་ལག་བསྟར་བྱ་རྒྱུ་གོང་འཕེལ་གཏོང་རྒྱུའི་ཐད་གོ་བསྡུར་གནང་རྒྱུ་མ་ཟད། ཕྱོགས་གཉིས་པོའི་ཁེ་ཕན་གྱི་གནད་དོན་ཐོག་བསམ་ཚུལ་བརྗེ་རེས་བྱ་རྒྱུ། རྒྱ་ནག་གི་ཕྱོགས་ནས། ད་ལྟ་བར་པ་ཀི་སི་ཐན་དབར་གྱི་འབྲེལ་ལམ་ཐད་འདོད་བློ་ཁེངས་ཤིང༌། མ་འོངས་པའིའབྲེལ་ལམ་ཐད་མཉམ་ལས་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་གདེང་ཚོད་ལྡན་པ་ཡོད་ཚུལ་བཤད་ཡོད་པ་ལས། དེ་མིན་གྱི་ཏའེ་བིང་གུའོ་ཡི་འཚམས་འདྲིའི་ནང་དོན་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།