༧གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག


2017.07.26
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang
fmprc

རྒྱ་ནག་གིས་༧གོང་ས་སྐྱབས་མགོན་མཆོག་ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་Botswana ལ་ཟླ་རྗེས་མའི་ནང་འཚམས་གཟིགས་ཕེབས་རྒྱུའི་འཆར་གཞི་ཐད་ལ་ཡུལ་དེར་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་(Reuters)་གསར་ཁང་གིས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཉིན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Lu Kang་གིས། ༧གོང་ས་མཆོག་Botswana་ལ་ཟླ་རྗེས་མའི་ནང་འཚམས་གཟིགས་ཕེབས་འཆར་གྱི་ཐད། རྒྱ་ནག་གིས་ཏཱ་ལའི་བླ་མའི་འཚམས་གཟིགས་ཐད་གཟིགས་ཚུལ་གང་འདྲ་ཡོད་མེད་གསལ་པོ་བརྗོད་ཟིན་ཡོད་སྐོར་བརྗོད་པ་དང་སྤྲགས བོད་དང་འབྲེལ་པའི་གནད་དོན་དག་ནི་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་འགྱུར་དང་འབྲེལ་བ་ཡོད་སྐོར་དང་། མ་ཟད་འབྲེལ་ཡོད་རྒྱལ་ཁབ་ཚོ་རྒྱ་ནག་གི་གལ་ཆེའི་ཁེ་ཕན་ཁག་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་དགོས་པ་དང་། དེའི་ཐད་ལ་ཆབ་སྲིད་ཀྱི་ཐག་གཅོད་ནོར་འཁྲུལ་མེད་པ་ཞིག་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གནད་དོན་དེའི་ཐད་དེ་སྔོན་དང་མ་འདྲ་བ་ཚིག་ཤུགས་ཆེན་པོ་བེད་སྤྱོད་སྒོ་ནས་སྐྱོན་བརྗོད་གནང་འདུག
ཡང་ཁོང་གིས་མུ་མཐུད་དུ་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་གནད་དོན་ཐད་ལ་ཐེ་བྱུས་གནང་རྒྱུ་མིན་ལ། ཡིན་ནའང་རྒྱལ་ཁབ་གཞན་ཚོས་རྒྱ་ནག་གི་གལ་ཆེའི་ཁེ་ཕན་ཁག་ལ་གནོད་པའི་ལས་དོན་འདྲ་སྤེལ་པར་བཟོད་སྒོམ་རྩ་ནས་ཞུ་རྒྱུ་མ་རེད་ཅེས་ནན་བརྗོད་ཞུས་འདུག
དེ་ཡང་(Reuter)་གསར་ཁང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་རྒྱལ་རྒྱལ་ཁབ་ཏུ་འཚམས་གཟིགས་ཀྱི་གནད་དོན་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་བཞིན་ཡོད་པ་དང་། རྒྱ་ནག་གིས་དུས་རྒྱུན་དུ་༧གོང་ས་མཆོག་གི་ཚོགས་འདུ་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། ཡང་ན་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་པ་བཅས་ཀྱི་སྒོ་ནས་འཁོན་ལན་སློག་བཞིན་ཡོད།
དཔེར་ན། ན་ནིང་ལོར་༧་གོང་ས་མཆོག་སོག་ཡུལ་ལ་ཕེབས་རྗེས་རྒྱ་ནག་གིས་སོག་ཡུལ་ཐོག་ས་མཚམས་འགག་སྒོའི་དཔྱ་ཁྲལ་སྤར་ཡོད་པ་རེད། ཨ་ཧྥེ་རི་ཀའི་ནང་མཚོན་ན། རྒྱ་ནག་ནི་མ་རྩ་འཇོག་མཁན་ཆེས་ཆེ་ཤོས་དང་། ཚོང་གི་རོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། ༧གོང་ས་མཆོག་འཚམས་གཟིགས་ཕེབས་སའི་Botswana་ནང་རྒྱ་ནག་གཞུང་གིས་གཞུང་གིས་རྒྱབ་གཉེར་ཡོད་པའི་ལས་ཁུངས་དག་གིས་ཡུལ་དེའི་ནང་ལམ་དང་། ཆུ་མཛོད། གནང་ཐང་སོགས་འཛུགས་བསྐྲུན་གན་རྒྱ་འཇོག་ཐུབ་པར་ཆེ་བསྟོད་ཀྱི་ལེགས་སྐྱེས་གནང་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
༧གོང་ས་མཆོག་གི་འཚམས་གཟིགས་ཐད་རྒྱ་ནག་གིས་དགག་བྱ་བྱེད་བཞིན་པར་མ་ལྟོས་པར་Botswana ་གིས་རེས་གཟའ་མིག་དམར་ཉིན། ༧གོང་ས་མཆོག་ཡུལ་དེའི་ནང་ཟླ་རྗེས་མའི་ནང་ཕྱི་རྒྱལ་གྱི་མཚན་གནས་ཆེ་བའི་མི་སྣ་ཞིག་གི་ངོ་བོའི་ཐོག་ནས་གདན་འདྲེན་ཞུ་གཏན་འཁེལ་ཡོད་པ་རེད་ཅེས་AFP གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎