ཀོང་པོར་ཡུལ་སྐོར་སྤྲོ་འཆམ་ཁུལ་གསར་རྒྱག་གི་ལས་འཆར།

བོད་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་འཆར་གཞི་རྒྱ་ཆེན་པོ་ཞིག་དང་རྒྱལ་ཡོངས་སྤྱི་གླིང་ཞིག་གསར་རྒྱག་བྱེད་འཆར།

2012.06.25

༄༅༎རྒྱ་ནག་གཞུང་གིས་བོད་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་འཆར་གཞི་རྒྱ་ཆེན་པོ་ཞིག་དང་རྒྱལ་ཡོངས་སྤྱི་གླིང་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པ་དེས་ ཡར་ཀླུང་གཙང་པོའི་རྒྱུག་ཁུག་ཏུ་ཆུ་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཏིང་མཁན་ཆུ་ཤུགས་ལས་དོན་ཚོགས་པ་ཁག་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་ བོད་ལྷོ་ཤར་ཁུལ་གྱི་ཉིང་ཁྲི་ས་གནས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གྲྭ་གོང་འཕེལ་གཏོང་རྒྱུའི་ཆེད་རྒྱ་མིའི་དངུལ་ལོར་ཡོན་(Yuan)ས་ཡ་༤༠༠ཟུར་བཅད་བྱས་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་ཅིང༌། འཆར་གཞི་དེའི་འོག་ཉིང་ཁྲི་ས་གནས་སུ་ རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་གྲོང་ཚོ་གསར་པ་ཞིག་རྒྱག་རྒྱུའི་ཆེད་མ་དངུལ་རྒྱ་མིའི་དངུལ་ལོར་ཐེར་འབུམ་༢གྲ་སྒྲིག་བྱ་རྒྱུ་ཡིན་པ་རེད།

དེ་བཞིན་ཉིང་ཁྲི་ས་གནས་སུ་ ཡར་ཀླུང་གཙང་པོའི་ལུང་ཤུར་དུ་ད་ལོ་ཕྱི་ཟླ་༡༢པའི་ནང་བོད་ཀྱི་རྒྱལ་ཡོངས་སྤྱི་གླིང་ཐོག་མ་དེ་གསར་དུ་འགོ་འབྱེད་བྱ་རྒྱུའི་འཆར་གཞི་འདུག།

རྒྱ་ནག་གི་ཆུ་ཤུགས་གློག་ཁང་གསར་རྒྱག་བྱ་རྒྱུའི་འབད་བརྩོན་བྱེད་མཁན་ཚོགས་པ་མང་པོ་ཞིག་གིས་ རྒྱ་ནག་དབུས་གཞུང་ལ། ཡར་ཀླུང་གཙར་པོའི་རྒྱུག་ཁུག་ཏུ་ཆུ་མཛོད་ཁག་༢༨གསར་རྒྱག་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུའི་ཐོག་གནོན་ཤུགས་སྤྲོད་བཞིན་ཡོད་ནའང༌། རྒྱ་ནག་གཞུང་གིས་ཉིང་ཁྲི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་་གནས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པའི་གནས་ཚུལ་འདུག།

བོད་ལྗོངས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལྦང་སོང་ཕིང་ཡིས་ ཡར་ཀླུང་གཙང་པོའི་ལུང་ཤུར་ནང་རྒྱལ་ཡོངས་སྤྱི་གླིང་གསར་བཟོ་བྱ་རྒྱུའི་ལས་འཆར་དེ་ ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་ཞིག་གིས་འགན་འཁུར་བླང་རྒྱུ་ཡིན་པ་དང༌། རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་འབྱུང་ཁུངས་བདག་གཉེར་ལས་དོན་སྤེལ་ནས་བོད་མཐོ་སྒང་གི་སྐྱེ་ཁམས་ལ་གནོད་སྐྱོན་མི་་ཕོག་པ་བྱ་རྒྱུ་ཡིན་སྐོར་བརྗོད་པ་ རྒྱ་གར་གྱི་རྡ་ཧིན་རྡུ་ཞེས་པའི་གསར་ཤོག་གིས་ལུང་འདྲེན་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎