རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་སུ་རྒྱ་ནག་འོས་བབ་མེད་པའི་ལས་འགུལ་སྤེལ་བཞིན་འདུག

2023.10.09
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་སུ་རྒྱ་ནག་འོས་བབ་མེད་པའི་ལས་འགུལ་སྤེལ་བཞིན་འདུག རྒྱ་ནག་གཞུང་གིས་ཤིན་ཅང་གི་(Huocheng)་རྫོང་ཁོངས་སུ་བཙུགས་ཡོད་པའི་ལག་ཤེས་སྦྱོང་བརྡར་ཁང་ཟེར་བའི་སྒོ་ཁར། ༢༠༡༨
REUTERS

དེ་ཡང་ཕྱི་ལོ་༢༠༡༦ལོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཁག་གི་འོས་བསྡུའི་སྐབས། རྒྱ་ནག་ལ་རྒྱབ་སྐྱོར་གྱི་འོས་ཤོག་གྲངས་༡༨༠ཐོབ་ཡོད། ཡིན་ན་ཡང་རྗེས་སུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་བའི་བྱ་སྤྱོད་ལ་བརྟེན་ཕྱི་ལོ་༢༠༢༠ལོར་འོས་ཤོག་གྲངས་ ༡༣༩ལས་ཐོབ་མེད་པ་རེད་འདུག (The Inter- Parliamentary Alliance on China)་ཞེས་པའི་རྒྱ་ནག་ཐད་རྒྱལ་སྤྱིའི་གྲོས་ཚོགས་གནའ་མཐུན་ཚོགས་པ་དེས་རྒྱ་ནག་ལ་རྒྱབ་སྐྱོར་ཉུང་བ་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པར། ཁོང་ཚོར་རྒྱ་ནག་ལ་རྒྱབ་སྐྱོར་མ་གནང་མཁན་གྱི་རྒྱལ་ཁབ་གསར་པ་གྲངས་༡༥འི་རྒྱབ་སྐྱོར་ཐོབ་ཡོད་པའི་ཁོངས་ཨི་ཊ་ལི་དང་། (Bolivia)་རྒྱལ་ཁབ་གཉིས་བྱུང་ཡོད་པ་རེད་འདུག
གོང་ཞུས་ཚོགས་པ་དེའི་ཚོགས་གཙོ་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་(Helena Kennedy)་ཡིས། རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་འོས་ཆོས་ཚང་གི་མེད་པ་དེ་གསལ་པོ་རེད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་བཟོ་བ་དང་འགྲོ་བ་མིར་ནག་ཅན་གྱི་ལས་དོན་སྤེལ་བའི་ཉེས་བ་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་གནང་མཁན་དང་མཉམ་ལས་མི་བྱེད་པ་དང་། ལྷག་པར་དུ་དམིགས་བསལ་སྐུ་ཚབ་དང་དམིགས་བསལ་འགྲོ་ལུགས་ཀྱི་སྐུ་ཚབ་རྣམ་པས་བློ་ཚབས་བསྟན་པར་ཕར་རྒོལ་བྱས་ཡོད་པ་རེད། ད་ཐེངས་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་སུ་ཞུགས་རྒྱུར་བཀག་འགོག་བྱེད་མ་ཐུབ་ཀྱང་རྒྱབ་སྐྱོར་གྱི་འོས་ཤོག་གྲངས་ཉུང་བ་ཐོབ་པ་བྱེད་རྒྱུ་དེ་ནི་འཛམ་གླིང་གི་ཐོག་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག
དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་འོས་འདེམས་གནང་སྐབས། ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་དང་ར་ཤེ་ཡ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ལ་འོས་ཤོག་མི་འཕེན་པའི་ཞུ་སྐུལ་གནང་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎