ཕྱི་རྒྱལ་གསར་འགོད་པ་བོད་དུ་ཡོང་རྒྱུར་དགའ་བསུ་ཡོད་སྐོར།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་ལྷོ་ནུབ་མངའ་ཁུལ་དུ་ཕེབས་ན་རྒྱ་ནག་གིས་དགས་བསུ་ཞུ་རྒྱུ།
2008-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཁ་ས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་འདུ་སྐོང་བྱས་པའི་ཐོག་ལས་ཁང་གི་ངེས་སྟོན་པ་ལྦང་ཁྲེན་ཡིས་ཕྱི་རྒྱལ་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་ལྷོ་ནུབ་མངའ་ཁུལ་དུ་ཕེབས་ན་རྒྱ་ནག་གིས་དགས་བསུ་ཞུ་རྒྱུ་ཡིན་པ་དང་གསར་འགོད་པ་ཚོར་དགོས་ངེས་ཀྱི་རོགས་རམ་ཞུ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ལོ་གསར་པ་ཤར་བའི་ནང་རྒྱ་ནག་གིས་བོད་ནང་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་ལྔ་ཅུ་འཁོར་བའི་རྟེན་འབྲེལ་དགའ་སྟོན་གྱི་དུས་དྲངན་སྲུང་བརྩི་བྱ་རྒྱུ་ཡིན་སྟབས་ཕྱི་རྒྱལ་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་ནང་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ནའང་བོད་ནང་འཛུལ་བའི་སྐབས་ཕྱི་མི་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་སྒྲིག་གཞི་ཁག་ལ་བརྩི་སྲུང་ངེས་པར་ཞུ་དགོས་སྐོར་ལྦང་ཁྲེན་གྱིས་འགྲེལ་བརྗོད་གནང་བཞག ཡང་ཁོང་གིས་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་སྐབས་དེར་བོད་ནང་ལྟ་སྐོར་ཡོང་མཁན་ཕྱི་རྒྱལ་མི་རིགས་ཚོའི་འགྲུལ་བཞུད་སྟབས་བདེ་རུ་གཏོང་རྒྱུ་ཡིན་ལུགས་འགྲེལ་བརྗོད་དང་འབྲེལ་༢༠༠༩ལོའི་ཕྱི་ཟླ་གསུམ་པ་དེ་བཞིན་བོད་དེ་སྤྱི་ཚོགས་བརྟན་ལྷིང་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་མངའ་ཁུལ་ཞིག་ལ་འགྱུར་རྒྱུར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ལྔ་ཅུ་འཁོར་བའི་དྲན་རྟེན་གྱི་དུས་ཚོད་གལ་ཆེ་ཞིག་ཆགས་ཀྱི་ཡོད་སྟབས་ཕྱི་རྒྱལ་གསར་འགོད་པ་ཚོས་བོད་ནང་གི་བོད་མི་ཚོ་དང་མཉམ་དུ་རྟེན་འབྲེལ་དགའ་སྟོན་བྱ་རྒྱུའི་གོ་སྐབས་འཐོབ་རྒྱུ་ཡིན་པ་མ་ཟད་རྒྱ་ནག་གཞུང་ཕྱོགས་ནས་གསར་འགོད་པ་ཚོར་དགོས་ངེས་ཀྱི་རོགས་རམ་དགའ་པོའི་ངང་ནས་བྱ་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁང་གི་ངེས་སྟོན་པ་ལྦང་ཁྲེན་གྱིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་བྱས་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།