རྒྱ་ནག་གིས་ཧྥེ་ལེ་པིན་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་རེ་བ།


2016-10-20
Share
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་པེ་ཅིང་གི་དམག་དཔུང་རུ་བསྒྲིགས་སྐབས། ༢༠༡༥།༩།༣ རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་པེ་ཅིང་གི་དམག་དཔུང་རུ་བསྒྲིགས་སྐབས། ༢༠༡༥།༩།༣
AFP

རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་Xi Jinping་གྱིས་ཧྥེ་ལེ་པིན་Philippines་གྱི་སྲིད་འཛིན་Rodrigo Duterte་རྒྱ་ནག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལུགས་གསུངས་འདུག
འདི་ཚེས་༡༨་རེས་གཟའ་མིག་མར་ཉིན་Philippines་གྱི་སྲིད་འཛིན་Duterte་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གཞུང་དོན་འཚམས་གཟིགས་སུ་ཕེབས་འབྱོར་གནང་འདུག ཉེ་བའི་དུས་སུ་ Philippines་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་  སྲིད་འཛིན་Duterte་ཡིས། ད་རེས་ཀྱི་འཚམས་གཟིགས་འདིའི་སྐབས་Philippines་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་ཐད་ནས་མཐུན་ཕྱོགས་ཀྱི་འབྲེལ་བ་གསར་འཛུགས་གནང་རྒྱུ་ཡིན་ལུགས་ཀྱིས་སྲིད་འཛིན་ལྷན་དུ་Philippines་གྱི་ཚོང་དོན་སྐུ་ཚབ་མི་གྲངས་༢༠༠ཙམ་ལྷན་བཅར་ཞུས་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་Philippines་གྱི་མི་སེར་བརྒྱ་ཕྲག་མང་པོས་སྲིད་འཛིན་མཆོག་ལ་ཕེབས་བསུའི་དགའ་བསུ་ཞུས་སྐབས། སྲིད་འཛིནDuterte མཆོག་གིས་Philippines་གྱི་ཕྱི་འབྲེལ་སྲིད་ཇུས་དེ་ཨ་རི་ལས་རྒྱ་ནག་གི་ཕྱོགས་སུ་ཁ་བསྒྱུར་བྱེད་བཞིན་ཡོད་ཚུལ་དང་། ཁོང་རང་ཉིད་ལ་མཚོན་ན་ཨ་རིར་ནམ་ཡང་གཞུང་དོན་ཕྱོགས་བསྐྱོད་གནང་རྒྱུ་མིན་ལུགས་གསུངས་འདུག
སྲིད་འཛིན་Duterte་གིས་རྒྱལ་ས་པེ་ཅིང་ནང་ཨ་རི་དང་འབྲེལ་ལམ་མཚམས་འཇོག་བྱེད་འཆར་སྐོར་གཏམ་བཤད་སྤེལ་བཞིན་པའི་ཉིན་དེ་རིང་Philippines་ནང་མི་ཚོགས་ཆིག་སྟོང་ལྷག་ཙམ་གྱིས། ཨ་རིའི་གཞུང་ཚབ་ལས་ཁུངས་མདུན་དུ་འདུ་འཛོམས་བྱས་སྟེ་Philippines ལྷོ་ཕྱོགས་ཀྱི་Mindanao་མཚོ་གླིང་ནས་ཨ་རིའི་དཔུང་དམག་ཕྱིར་བསྡུ་བྱ་དགོས་ལུགས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་འདུག
རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་Xi Jinping་གྱིས། པེ་ཅིང་མི་མང་ཚོགས་ཁང་ཆེན་མོའི་ནང་Philippines་གྱི་སྲིད་འཛིན་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་པའི་ཐོག་རྒྱལ་ཁབ་གཉིས་དབར་བུ་སྤུན་གྱི་འདུ་ཤེས་ཡོད་ཚུལ་དང་། ཕྱོགས་གཉིས་དབར་རྩོད་རྙོག་གི་གནད་དོན་རིགས་ལ་ཕན་ཚུན་གུ་ཡངས་དང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་ལུགས་གསུངས་འདུག
རྒྱ་ནག་དང་Philippines་དབར་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་གླིང་བདག་དབང་གི་རྩོད་གླེང་ཡོད་མུས་ཡིན་པ་མ་ཟད། ཉེ་སྔོན་Hague་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་ནས་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་Philippines་གྱི་མཚོ་གླིང་བདག་བཟུང་བྱས་ཡོད་པ་དཔྱད་ཁྲ་བཏང་ཡོད་པ་རེད། སྲིད་འཛིན་Xi Jinping་གིས་དེ་རིང་Philippines གྱི་སྲིད་འཛིན་ལྷན་དང་མཇལ་འཕྲད་སྐབས་ཡུལ་གྲུ་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་སྐོར་གསུངས་སྐབས་རྩོད་གཞི་ཅན་གྱི་གནད་དོན་དེའི་རིགས་ཁ་གསལ་གླེང་སློང་གང་ཡང་གནང་མིན་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།