གུང་ཁྲན་དཔོན་རིགས་ཀྱི་ནང་མིར་བལྟ་ཞིབ་བྱ་རྒྱུ།

2015-12-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དང་ཐེ་ཝན་གྱི་སྲིད་འཛིན་རྣམ་གཉིས།
རྒྱ་ནག་དང་ཐེ་ཝན་གྱི་སྲིད་འཛིན་རྣམ་གཉིས།
ཨེ་ཨེཕ་པི།

༄༅།  །རྒྱ་ནག་གི་སྲིད་འཛིན་Xi Jinping གིས་རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཆེ་ཁག་ཚོའི་ནང་མིར་བལྟ་ཞིབ་གནང་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པ་རེད།          
དེ་ཡང་རྒྱ་ནག་སྲིད་འཛིན་Xi Jinpingཡིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད་ནས་ད་ཆ་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་མི་མཐོ་གྲས་ཉི་ཤུ་རྩ་ལྔ་ཙམ་གྱི་ནང་མི་ཚོས་ཁོང་ཚོའི་བུ་ཕྲུག་དང་། ནང་མི་ཚོར་སློབ་སྦྱོང་སྤྲོད་ཕྱོགས་དང་། དེ་བཞིན་ནང་མིའི་ཐོག་སྟངས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐད་བལྟ་ཞིབ་གནང་རྒྱུ་ཡིན་པ་གསུངས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་ལས་ཁང་ནས་དེ་རིང་ཕྱི་ཚེས་༣༠་ཉིན་གནས་ཚུལ་སྤེལ་འདུག   སྲིད་འཛིན་Xi Jinping གིས་རྒྱ་ནག་ནང་དུ་ཡོད་པའི་དཔོན་རིགས་ཚོས་ཁོང་ཚོའི་ནང་མི་དང་། སྤུན་མཆེད་ཚོའི་དབར་དཔལ་འབྱོར་གྱི་འབྲེལ་བ་མཉམ་བསྲེས་མི་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་ནི་ལྐོག་ཟ་རུལ་སུངས་ལ་འགོག་སྲུང་གནང་བ་ཞིག་ཡིན་པ་རེད།  སྲིད་འཛིན་Xi Jinping གིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ལས་འགུལ་སྤེལ་བའི་ཁྲོད་ནས་རྒྱ་ནག་ནང་རུལ་སུངས་མཁན་རྒྱ་ནག་གུང་ཁྲན་ཚོགས་པའི་ཆེས་མཐོའི་དཔོན་རིགས་Zhou Yongkang  དང་ Bo Xilai སོགས་པའི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་ར་སྤྲོད་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པས་མ་ཟད། དེ་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་མི་སྣ་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད།    
གསར་འགོད་པ་དབྱངས་སྒྲོལ།Yangdon.jpg

མཆན། (0)
Share
དྲ་གནས་ཆ་ཚང༌།