༧གོང་ས་མཆོག་གིས་བོད་ནང་ཐུཊ་གསོའི་གསུང་འཕྲིན་བསྩལ་འདུག

2014-01-31
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན།
༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན།
པར། ངོ་བཤུས།

༧གོང་ས་མཆོག་གིས་བར་ལམ་བོད་ནང་གི་མེ་སྐྱོན་བྱུང་བའི་ཐད་ཐུཊ་གསོའི་གསུང་འཕྲིན་ཞིག་བསྩལ་འདུག
ཚེས་༢༧ཉིན་གྱི་གསུངས་འཕྲིན་ནང་། བར་ལམ་ལི་ཐང་དགོན་ཆེན་དང་། གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་པར་སྔ་རྗེས་སུ་མེ་སྐྱོན་ཚབས་ཆེ་བྱུང་སྟེ་རྩ་ཆེའི་རིག་དངོས་ཀྱིས་མཚོན་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་བློ་ཕམ་ཅི་ཆེ་བྱུང་ཡང་། མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ལས་གཞན་བྱ་ཐབས་དབེན་ཅེས་དང་། བོད་ནང་བྱུང་བའི་སྔ་རྗེས་མེ་སྐྱོན་དེ་རིགས་སེལ་ཐབས་སུ་ཕྱིའི་ཞབས་རིམ་ཡུལ་ཁག་སོ་སོའི་ཡུལ་དགོན་སྤྱི་ནས་ཐུབ་པའི་མཚན་སྔགས་དང་། ཡིག་དྲུག  སྒྲོལ་མའི་གཟུངས་སྔགས།  སྒྲོལ་བསྟོད་།  རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་གསོལ་འདེབས་འབད་སྒྲུབ་ཐོག  གཙོ་ཆེར་སེར་སྐྱ་མང་ཚོགས་ཚང་མས་འཆམ་མཐུན་ཕུ་ནུའི་འདུ་ཤེས་ཀྱིས་ནང་རྩོད་དམེ་འཁྲུག་རིགས་ནམ་ཡང་མི་བྱེད་རྒྱུ་དང་།  དམིགས་བསལ་རྣམ་ཀུན་ནས་གློག་དང་ མཆོད་མེ། མེ་ཐབ་སོགས་མེ་སྟག་རིགས་ལ་གཟབ་ནན་གང་ཆེས་སྔོན་འགོག་དང་འབྲེལ་དེང་རབས་ཀྱི་མེ་གསོད་འཕྲུལ་ཆས་གྲ་སྒྲིག་ཚད་ལྡན་ཡོངས་ཐབས་འབྲེལ་ཡོད་པར་ཞུ་སྐུལ་བྱེད་གལ་ཆེ་བ་བཅས་ཐུགས་གསོའི་འཚམས་འདྲི་ཡང་བསྩལ་གནང་འདུག  
གསར་འགོད་པ་འཆི་མེད།

དྲ་གནས་ཆ་ཚང༌།