དྭང་བླངས་སྨན་ཞབས་པ་ཚོས་ནད་རླབས་གསུམ་པའི་སྔོན་འགོག་གི་ཤེས་བྱ་ངོ་སྤྲོད་དང་རོགས་རམ་བྱེད་བཞིན་འདུག

2021.07.15
དྭང་བླངས་སྨན་ཞབས་པ་ཚོས་ནད་རླབས་གསུམ་པའི་སྔོན་འགོག་གི་ཤེས་བྱ་ངོ་སྤྲོད་དང་རོགས་རམ་བྱེད་བཞིན་འདུག དྭང་བླངས་སྨན་ཞབས་པ་ཚོས་ནད་རླབས་གསུམ་པའི་སྔོན་འགོག་གི་ཤེས་བྱ་ངོ་སྤྲོད་དང་རོགས་རམ་བྱེད་བཞིན་པ། ༧།༡༥།༢༡
Photo: RFA

ནད་རླབས་གསུམ་པའི་སྔོན་འགོག་ཆེད་དྭང་བླངས་སྨན་ཞབས་རུ་ཁག་ཅིག་གིས་མི་མང་ལ་སྔོན་འགོག་གི་གྲ་སྒྲིག་བྱེད་སྟངས་དང་སྨན་བཅོས་ཤེས་བྱ་ཁག་ངོ་སྤྲོད་བྱས་ཡོད་འདུག
རྒྱ་གར་དབུས་གཞུང་སྨན་པའི་ལྷན་ཚོགས་ཀྱིས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རླབས་གསུམ་པ་ཞིག་རིང་མིན་ཡོང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར། ཨ་རི་དང་ཁེ་ན་ཊ་ནས་ཕེབས་པའི་བོད་པའི་དྭང་བླངས་སྨན་ཞབས་རུ་ཁག་ཅིག་རྒྱ་གར་དུ་རོགས་རམ་ཆེད་འབྱོར་ཡོད་པ་དང་། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རོགས་རམ་དང་འབྲེལ། གལ་སྲིད་ནད་རླབས་གསུམ་པ་སླེབས་ན་སྔོན་འགོག་གི་གྲ་སྒྲིག་ཆེད་འཕྲོད་ལས་པ་དང་ལྷན་དུ་ཉམས་མྱོང་དང་འབྲེལ་བའི་བསམ་ཚུལ་བརྗེ་རེས་གནང་ཡོད་པ་དང་། ཨ་རི་ནས་ཕེབས་པའི་དྭང་བླངས་སྨན་ཞབས་བསྟན་འཛིན་སྐལ་བཟང་ལགས་ནས་ནད་རླབས་གསུམ་པ་དེ་ཉིད་སླེབས་ན་འགོས་སླ་ལ་ནད་བབས་ལྕི་བ་བཅས་ནད་རླབས་དང་པོ་དང་། གཉིས་པ་ལས་ཉེན་ཚབས་ཆེ་བ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར། དེའི་སྐབས་སུ་ནད་པ་རྣམས་ལ་སྨན་བཅོས་ཡོ་ཆས་གྲ་སྒྲིག་བྱེད་ཕྱོགས་དང་བེད་སྤྱོད་བྱེད་སྟངས། སྨན་བཅོས་གང་འདྲ་བྱེད་དགོས་པའི་སྐོར་གྱི་ཤེས་མི་མང་ལ་ངོ་སྤྲོད་བྱས་ཡོད་པ་གསུང་བྱུང་།

covid (2).jpeg
ཐེངས་འདིར་ཨ་རི་དང་ཁེ་ན་ཊ་ནས་དྭང་བླངས་སྨན་པ་དང་སྨན་ཞབས་བདུན་དང་། རྒྱ་གར་ནས་དྭང་བླངས་སྨན་ཞབས་བདུན་བཅས་ཁྱོན་སྨན་ཞབས་བཅུ་བཞི་རྣམས་ཁག་བགོས་ཀྱིས་ས་རཱ་མཐོ་སློབ་གཙོས་རྡ་རམ་ས་ལའི་ཁུལ་དང་། ལྡེ་ར་ལྡུན་ཁུལ་གྱི་བོད་པའི་གཞིས་སྒར་དང་སློབ་གྲྭ ཚོགས་སྡེ་ཁག་ཏུ་ཆེད་བཅར་གྱིས་སྨན་བཅོས་དང་། སྔོན་འགོག་ལམ་སྟོན། དམིགས་བསལ་སྨན་བཅོས་ལག་རྩལ་ངོ་སྤྲོད་བྱེད་བཞིན་ཡོད་ཀྱང་། ཁོང་ཚོ་རྒྱ་གར་ལྷོ་ཕྱོགས་གཙོས་བོད་པའི་གཞིས་སྒར་གཞན་ཁག་ཏུ་འགྲོ་རྒྱུའི་ཆོག་མཆན་ཐོབ་མེད་པ་རེད་འདུག་ལ་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་ད་སྐབས་ནད་པ་དགུ་བཅུ་ལྷག་ཙམ་ཐོན་ཡོད་པ་རེད་འདུག
ལྡེ་ར་ལྡུན་ཁུལ་དུ་དྭང་བླངས་སྨན་ཞབས་གཉིས་ཀྱིས་མི་མང་ལ་སྔོན་འགོག་ལམ་སྟོན་གནང་བ་དང་སྦྲགས། མི་མང་ཚོས་སྨན་ཁབ་རྒྱབ་ཟིན་ནའང་ད་དུང་ནད་ཡམས་འགོས་མི་སྲིད་པ་མིན་པས་ནད་ཡམས་སྔོན་འགོག་ཐད་སྣང་མེད་གཏོང་མི་ཉན་པ་ལམ་སྟོན་གནང་སོང་།
སྨན་ཞབས་པ་ཁོང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་ཕྱི་ཕྲན་བུ་ཞིག་ཞུ་ཐུབ་ན་བསམ་ནས་དྭང་བླངས་བྱས་ཏེ་ཡོང་བ་ཡིན་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གནས་ཚུལ་ལྟར་ན། ད་བར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ནད་པ་༥༣༥༦་བྱུང་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༡༣༢་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། བློ་བཟང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎