ལྷ་སར་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀག་རྒྱར་མ་རྩིས་ཚུལ་གྱིས་མི་གྲངས་བདུན་བརྒྱ་ལྷག་ལ་ཉེས་ཆད་བཅད་འདུག

2022.09.20
Share on WhatsApp
Share on WhatsApp
ལྷ་སར་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀག་རྒྱར་མ་རྩིས་ཚུལ་གྱིས་མི་གྲངས་བདུན་བརྒྱ་ལྷག་ལ་ཉེས་ཆད་བཅད་འདུག ལྷ་སར་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀག་རྒྱར་མ་རྩིས་ཚུལ་གྱིས་ཉེས་ཆད་གཅོད་བཞིན་པ། ༠༩།༢༠༢༢
Chinese State Media
དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་། ལྷ་སའི་ཉེན་རྟོག་པས་གྱོད་གཞི་༤༧༡རྩད་གཅོད་ཐུབ་ཡོད་པའི་ཁོངས་ནས་མི་གྲངས་༧༨༦ལ་ཁྲིམས་ཐོག་ནས་ཉེས་ཆད་བཏང་ཡོད་པ་བརྗོད་པའི་ནང་། ཁོང་ཚོས་ཁྲིམས་སྒྲིག་དང་འགལ་བའི་ཐོག་ནས་བཟའ་བཅའ་སྐྱེལ་འདྲེན་བྱས་པ་དང་། དྲ་ཐོག་ནས་ནད་ཡམས་སྐོར་ལ་དཀྲོག་གཏམ་སྤེལ་བ། ནད་ཡམས་ཀྱི་བཀག་རྒྱ་དང་འགལ་ནས་ཕྱི་ནས་ཆང་འཐུང་པ། ཁ་རས་མ་རྒྱབ་པ། ཁྱིམ་སྡོད་བཀག་རྒྱའི་འོག་ཕྱིར་བསྐྱོད་པ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཉེས་པ་བཏང་ཡོད་འདུག
བར་སྐབས་བོད་ནང་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་གདོང་ལེན་གྱི་གཞུང་གི་ལས་འཆར་འོག་བོད་མི་མང་ཚོགས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པའི་སྐོར་གྱི་བརྙན་ཐུང་མང་དག་ཞིག་ཕྱིར་གྱར་བྱུང་བཞིན་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་ཏུའུ་ཡིང་དང་དེ་མིན་དྲ་རྒྱའི་བརྒྱུད་ལམ་ཐོག་ཐོན་བཞིན་པའི་བརྙན་ཐུང་མང་པོའི་ནང་། ལྷ་ས་ལྟ་བུར་མཚོན་ན་གཞུང་ཕྱོགས་ནས་ཟླ་བ་གཅིག་ལྷག་ཙམ་རིང་ཕྱིར་བསྐྱོད་མི་ཆོག་པའི་དམ་དྲག་བྱས་ཏེ་ཁྱིམ་དུ་བཅུག་པའི་བརྒྱུད་རིམ་ནང་ཁྱིམ་དུ་བཟའ་བཅའ་རྫོགས་ཏེ་ཉོ་ས་མེད་པའི་དཀའ་ངལ་དང་། ཉེན་ཁ་ཆེ་བའི་ས་ཁུལ་ཟེར་བའི་མིང་བཏགས་པའི་ས་ཁུལ་དེ་དག་གི་ནང་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་ཀྱི་བརྟག་དཔྱད་རྫོགས་རྒྱུ་མེད་པར་བྱེད་དགོས་པ། འགོས་ནད་ཕོག་པ་དང་མ་ཕོག་པའི་མི་གང་བྱུང་ལྷ་སའི་སྡོད་ཁྱིམ་ནས་ས་གནས་གཞན་དུ་བཙན་པོ་དབང་ཡོད་ཀྱི་ཐོག་ནས་འགོས་ནད་ཕོག་པ་ཟུར་འཇོག་བྱེད་སར་བཙན་ཁྲིད་བྱས་པ། ནད་རྟགས་ཡོད་མཁན་གྱི་མི་ཚོར་སྨན་བཅོས་བྱེད་མཁན་མེད་པའི་ཐོག་ཉིན་རེའི་ཟ་མ་ཡང་དུས་ཐོག་མི་ཐོབ་པ་སོགས་དཀའ་ངལ་མང་དག་ཞིག་ཡོད་པ་དེ་དག་ལ་གོང་རིམ་ནས་ལྟ་རྟོག་ཚུལ་བཞིན་བྱེད་དགོས་པ་བརྗོད་པ་མཐོང་རྒྱུ་འདུག
འོན་ཀྱང་སྤྱི་ཚོགས་དྲ་ལམ་བརྒྱུད་བཤད་པའི་སྒྲ་དང་བརྙན་དེ་དག་རྒྱ་ནག་གཞུང་འབྲེལ་མི་སྣས་མེད་པ་བཟོ་བཞིན་ཡོད་པར་མ་ཟད། ད་དུང་ཁོང་ཚོ་ནི་སྤྱི་ཚོགས་ནང་དཀྲོག་བཏམ་སྤེལ་མཁན་དུ་ངོས་བཟུང་ནས་ཁོང་ཚོར་དངུལ་གྱི་ཉེས་ཆད་བཅད་པ་དང་། ཡང་ན་འདྲི་རྩད་བཀག་ཉར་དང་འཛིན་བཟུང་སོགས་བྱེད་བཞིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་སློབ་གྲྭ་ཁག་ཅིག་དང་མགྲོན་ཁང་ཆེ་བ་ཁག་ཅིག་ཀྱང་འགོས་ནད་ཕོག་པའི་མི་སྣ་ཟུར་བཀག་བྱེད་ས་ཆེད་མངགས་བཟོས་ཡོད་འདུག་ལ། ནད་ཡམས་གཙང་སེལ་ཟེར་བའི་མིང་ཐོག་ནས་མང་ཚོགས་ཧ་ཅང་མང་པོ་བཙན་ཁྲིད་ཀྱིས་ཟུར་བཀག་བྱས་པ་ལས་དེ་མིན་ལྟ་རྟོགས་བྱེད་མཁན་མེད་པ་མ་ཟད། བཙན་དབང་ངང་སྒོར་གཞས་འཁྲབ་བཅུག་པ་སོགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་སྡུག་ཁྲོད་བོད་མི་ཁག་ཅིག་ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎