ནག་འཇོམས་ངན་སེལ་གྱི་དམ་དྲག་དབང་གིས་ཚོང་མི་བྲིན་པའི་དཀའ་ངལ་འདུག་ཟེར།


2019.07.09
ནག་འཇོམས་ངན་སེལ་གྱི་དྲིལ་བསྒྲགས། ༢༠༡༩།༦ ནག་འཇོམས་ངན་སེལ་གྱི་དྲིལ་བསྒྲགས། ༢༠༡༩།༦
བོད་འབྱོར།

རྒྱ་ནག་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་སྤེལ་བའི་ཁྲོད་ལྷ་ས་གྲོང་ཁྱེར་ནང་གི་གླ་གཏོང་རླངས་འཁོར་ཁ་ལོ་བ་ཚོར་ཚོང་མི་བྲིན་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག
རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་ནག་སེལ་གཤེད་བཅོམ་མམ་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པའི་ཁྲོད། ལྷ་ས་གྲོང་ཁྱེར་ཁུལ་དུ་ད་ཆ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པར་བརྟེན་གླ་གཏོང་རླངས་འཁོར་བཏང་ནས་འཚོ་ཐབས་བྱེད་བཞིན་པའི་ཁ་ལོ་བ་ཚོར་ཚོང་མི་བྲིན་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཁ་ལོ་བ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཞིང་།  ཁོང་གིས་ལྷ་ས་ཁུལ་དུ་དེ་སྔ་ཡིན་ན། ཕྱི་ཟླ་༧ པའི་ནང་གླ་གཏོང་རླངས་འཁོར་བཏང་ནས་འགྲུལ་པ་རྣམས་ཕར་ཚུར་སྐྱེལ་འདྲེན་བྱེད་པའི་ཚོང་རྒྱུགས་ཆེ་ཤོས་ཀྱི་དུས་ཚོད་ཡིན་ཡང་། དེང་སྐབས་ལྷ་ས་ཁུལ་དུ་དམ་དྲག་ཆེ་རུ་ཕྱིན་ཡོད་པའི་ཁར་མཚན་མོར་དམིགས་བསལ་དམ་དྲག་ཆེ་བ་ཡོད་པ་དང་། ཐ་ན་མཚན་ཚོགས་ཀྱི་རིགས་ཡུན་རིང་ཚོགས་ཆོག་གི་མེད་པ་སོགས་ལ་བརྟེན་ཁ་ལོ་བ་ཚོར་ཚོང་ཡག་པོ་མེད་པ་ངོ་སྤྲོད་གནང་ཡོད་པ་རེད།
ཕྱི་ལོ་༢༠༡༨་ལོའི་ཟླ་བ་ ༡་པོ་ནས་བཟུང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན་ཚུད་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་དེ་བཞིན་འགོ་བཙུགས་བྱས་ཡོད་ཅིང་། རྒྱ་ནག་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་རྒྱ་ནག་གཞུང་གི་ནག་སེལ་གཤེད་བཅོམ་ཚོགས་ཆུང་ཨང་༡༣ པའི་ཚོགས་ཐེངས་གཉིས་པ་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་ཤིང་། རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་ཁྱེར་དང་ས་ཁུལ་ཁག་༧ གྱི་ནང་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་དེ་སྤེལ་བ་དང་། ཚོགས་ཆུང་ཆ་བགོས་བྱས་པའི་ཚོགས་ཆུང་སོ་སོས་དངོས་སུ་འདྲི་རྩད་བྱས་པའི་མི་གྲངས་༢༢༤ ཡོད་འདུག་པ་མ་ཟད། དྲ་ལམ་ཐོག་ནས་མི་གྲངས་༡༠༤༤་ལ་བརྟག་དཔྱད་འདྲི་ཤོག་རྒྱོང་དུ་བཅུག་ཡོད་འདུག
རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ཆབ་སྲིད་ལས་འགུལ་དེ་ནི་དུས་ཡུན་ལོ་གསུམ་རིང་སྤེལ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་ལས་འགུལ་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལས་འགུལ་དེའི་འོག་གཙོ་བོ་རྒྱ་ནག་གཞུང་གིས་ལྟ་སྤྱོད་དང་མི་མཐུན་མཁན་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་དྲག་གནོན་བྱེད་བཞིན་པ་ནི་ཧ་ཅང་བློ་འཚབ་ཅན་ཞིག་ཆགས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་༦ པའི་ཟླ་འཇུག་ཏུ་བཏོན་པའི་སྙན་ཐོའི་ནང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎