བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཇར་མན་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག

2022.10.12
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཇར་མན་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཇར་མན་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་སྐབས། ༡༠།༡༡།༢༠༢༢
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཡོ་རོབ་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་ཇར་མན་ནང་ཇར་མན་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཡོ་རོབ་རྒྱལ་ཁབ་ཇར་མན་ནི་དང་། སྦེལ་ཇམ་གཉིས་ནང་གནད་ཡོད་མི་སྣ་སོགས་མཇལ་འཕྲད་སླད་ཕྱོགས་བསྐྱོད་གནང་བཞིན་པ་དང་། ཚེས་༡༡ཉིན། ཁོང་རྣམ་པ་ཇར་མན་གྲོས་ཆོགས་ཀྱི་འཐུས་མི་སྐུ་ཞབས་(Michael Brand)་ལགས་དང་། གྲོས་ཚོགས་འཐུས་མི་( Klaus-Peter Willsch )་ལགས། ཚེས་༡༠ཉིན་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རོགས་སྐྱོར་ཚན་པའི་མགྲིན་ཚབ་པ་(Peter Heidt)་ལགས། ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་། དེ་བཞིན་ཨེ་ཤེ་ཡ་དང་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་(Frank Muller-Rosentritt)ལགས་བཅས་དང་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་འདུག CTA Delegation’s outreach program underway in Europe (3).jpgད་དུང་ཚེས་༡༡ཉིན་ཇར་མན་དུ་ཡོད་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་(H.E Dr Shieh Jhy-Wey)ལགས་དང་མཇལ་འཕྲད་གནང་ཡོད་འདུག
གཞན་ཚེས་༡༡ཉིན། ཇར་མན་བོད་ཁང་གི་འགན་འཛིན་༧བྲག་གཡབ་རིན་པོ་ཆེ་མཆོག་དང་། ཇར་མན་བོད་ཁང་གི་རིག་གཞུང་ཐེབས་རྩའི་ཚོགས་མི་ཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet Initiative)་ཞེས་པའི་ལས་བྱེད་ཁག་ཅིག་དང་ཡང་མཇལ་འཕྲད་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་སྲིད་སྐྱོང་མཆོག་གི་ངོ་དེབ་སོགས་སུ་གནས་ཚུལ་སྤེལ་འདུག

CTA Delegation’s outreach program underway in Europe (2).jpg
གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ཚེས་༡༠ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་(FNF)་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་Ms. Annett Witte)་ལགས་དང་། ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་(Dr Rene Klaff)་ལགས། ཚོགས་པའི་རྒྱལ་སྤྱིའི་གནད་དོན་ཚན་པའི་འགན་འཛིན་ལྕམ་(Dr Michaela Lissowski)་ལགས། ཚོགས་པའི་ཨེ་ཤེ་ཡའི་ཚན་པའི་འགན་འཛིན་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག ཉིན་གུང་གསོལ་ཚིགས་སྐབས་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Valentin Abel)་མཆོག་དང་། ཁོང་གི་ཕྱག་རོགས་(Mr. Andre Lehmann)་ལགས་རྣམ་གཉིས་དང་མཇལ་འཕྲད་གནང་རྗེས། འཇར་མན་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱི་སྣེ་ཤན་འོག་གྲོས་ཚོགས་ཀྱི་ཕྱི་ནང་དུ་གཟིགས་སྐོར་དང་། དེའི་རྗེས་ཇར་མན་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་རྒྱ་ནག་དང་ཨེ་ཤེ་ཡའི་སྡེ་ཚན་གྱི་ཚོགས་མི་དང་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་མཆོག ཇར་མན་གྲོས་ཚོགས་ཀྱི་འཐུས་མི་དང་གུ་ཡངས་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་(Peter Heidt)་མཆོག་རྣམ་གཉིས་དང་ལྷན་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ལྷན་ཚོགས་གནང་ཡོད་འདུག
དེ་བཞིན་འཇར་མན་གྱི་ཕྱི་སྲིད་ལས་ཁུངས་སུ་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་གཙོ་འཛིན་(Dr. Martin Thummel)་དང་། ཡོ་རོབ་མཐུན་ཚོགས་ཀྱི་རྒྱ་ནག་འབྲེལ་མཐུད་པ་(Jorn Beibert)་རྣམ་གཉིས་དང་མཉམ་དུ་མཇལ་མོལ་གནང་ཡོད་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎