རྒྱ་གར་བཞིན་བོད་མིའི་སྒྲིག་འཛུགས་ནས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་རྒྱུ་ཡིན་ཞེས། སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུངས་པ།

2024.10.02
རྒྱ་གར་བཞིན་བོད་མིའི་སྒྲིག་འཛུགས་ནས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་རྒྱུ་ཡིན་ཞེས། སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུངས་པ། བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་འཁྲུངས་ནས་མི་ལོ་ ༡༥༥ འཁོར་བའི་དུས་སྟོན་སྲུང་བརྩི་ཞུ་སྐབས། ༢༠༢༤།༡༠།༠༢ ཉིན།
RFA/ Tenzin Dhonyoe

ཟླ་བ་ ༡༠ ཚེས་ ༢ ཉིན་གྱི་སྔ་དྲོར་བོད་མི་སྒྲིག་འཛུགས་བཀའ་ཤག་གི་གོ་སྒྲིག་འོག་བདེ་སྲུང་ལས་ཁུངས་ཀྱི་མདུན་ཐང་དུ་བོད་མི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་འཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་དང་ཕྱི་དྲིལ་བཀའ་བློན་ནོར་འཛི་སྒྲོལ་མ་ལགས་དེ་ཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལྷན་བཞུགས་ཐོག རྒྱ་གར་གི་མེས་པོ་དམ་པ་བདག་ཉིད་ཆེན་པོ་Mahatma Gandhi གྷན་དྷི་མཆོག་འཁྲུངས་ནས་མི་ལོ་ ༡༥༥ འཁོར་བའི་དུས་སྟོན་མཁས་པར་ཅན་སྲུང་བརྩི་ཞུས་གནང་སོང་བ་དང་། ད་ལྟའི་ཆར་བོད་པ་ཚོའི་གནས་སྟངས་ལ་གཞིགས་ན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རང་བཞིན་ལྡན་པའི་དབུ་མའི་ལམ་ལས་ལྷག་པ་གང་ཡང་མེད་ཅིང་། རྒྱ་གར་རྒྱལ་ཁབ་ལྟ་བུར་མཚོན་ན་དབྱིན་ཇའི་མངའ་འོག་དུ་མི་ལོ་ ༢༠༠ ཙམ་ལྷག་ཡོད་པས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལམ་ནས་རྒྱལ་ཁ་ཐོབ་ཡོད་པ་དེར་དམིགས་དཔེ་བཟང་པོར་ངོས་འཛིན་གྱིས། ང་ཚོ་ནས་ཀྱང་དེ་བཞིན་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གནང་དགོས་གལ་ཆེན་པོ་ཡིན་པས། བོད་མིའི་སྒྲིག་འཛུགས་ངོས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་དུ་དབུ་མའི་ལམ་གྱི་ལྟ་གྲུབ་ཉམས་ལེན་མུ་མཐུད་བྱ་རྒྱུ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་སྲིད་ཚབ་ལྩང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནས་མུ་མཐུད་གསུངས་དོན་ལ།བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ཁྱད་དུ་འཕགས་པའི་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལྟ་གྲུབ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་ནས་དུས་སུ་བཀའ་སྩལ་གནང་གི་ཡོད་པ་དང་། དམིགས་བསལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་པ་དེ་ནི་ཤིན་ཏུ་འགལ་འགངས་ཆེན་པོ་ཞིག་ཡིན་པ་གསུངས་བྱུང་།

རྩ་བའི་་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནི་ཕྱི་ལོ་ ༡༨༦༩ ཟླ་བ་ ༡༠ ཚེས་ ༢ ཉིན་སྐུ་འཁྲུངས་ཤིང་། ཁོང་ནས་སྐུ་ཚེ་ཧྲིལ་པོར་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལྟ་གྲུབ་ཁོ་ན་ཉམས་ལེན་གནང་བའི་ཐོག་ནས་རྒྱལ་ཁབ་གི་འཐབ་རྩོད་ཐོག་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎