དུས་དབང་དང་འབྲེལ་བའི་བཀའ་ཆོས་ཡོངས་རྫོཊ་ཐད་ཀར་རྒྱང་བསྲིང་གནང་རྒྱུ།


2016.12.27
དུས་དབང་དང་འབྲེལ་བའི་བཀའ་ཆོས་ཡོངས་རྫོཊ་ཐད་ཀར་རྒྱང་བསྲིང་གནང་རྒྱུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་༣༣པ་སྩོལ་བཞིན་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རིང་མིན་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་རྒྱུའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་བཀའ་ཆོས་ཡོངས་རྫོགས་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་བསྲིང་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག  
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གིས་རྒྱ་གར་ནང་ཡོད་པའི་བོད་མིའི་ས་གནས་འགོ་འཛིན་རྣམ་པར་ཕྱག་བྲིས་ཤིག་གནང་བའི་ནང༌། བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ལས་རིམ་ཆ་ཚང་བོད་ཀྱི་བརྙན་འཕྲིན་དྲྭ་རྒྱའི་ཁ་བྱང་
http://www.tibetonline.tv/live-webcast-from-cta-dharamsala དང་། https://www.youtube.com/user/ctaonlinetv
དེ་བཞིན་ལག་ཐོག་ཁ་པར་མཉེན་ཆས་ Tibettv Mobile Apps བཅས་ཀྱི་ནང་ཐད་གཏོང་རྒྱང་སྲིང་ཞུ་འཆར་ཡོད་པ་ལྟར་མང་ཚོགས་ནས་ཐུགས་སྣང་ཡོང་བ་ཞུ།   དུས་དབང་དུ་དངོས་སུ་བཅར་མ་ཐུབ་མཁན་བོད་མིའི་སྡོད་སྒར་ས་གནས་ཁག་གི་ནང་རྒན་གཞོན་མང་དག་ཅིག་ཡོད་པ་དེ་དག་ལ་ས་གནས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཐུགས་འགན་འོག་མི་མང་ཚོགས་ཁང་ངམ་སྤྱི་ཁང་ནང་མཉམ་སྡོད་ཀྱིས་ཀམ་པུ་ཊར་བརྒྱུད་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་ཐོག་ནས་སྟོན་ཐབས་གནང་མཁན་ཡོད་ཚེ་དྲྭ་རྒྱ་འཐེན་གླ་དཔལ་ལྡན་བཀའ་ཤག་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གང་རུང་ནས་གནང་རྒྱུ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་ཕེབས་ལྟར་ས་གནས་འགོ་འཛིན་སོ་སོས་དེ་དོན་གོ་སྒྲིག་ཐུབ་ཐབས་དགོས་པ་དང༌། དྲྭ་མཐུད་འཐེན་གླ་སྔ་འཕྲོས་ས་གནས་སོ་སོས་སྔ་འདོན་བཏང་སྟེ་འབིལ་འཛིན་འདི་གར་འབྱོར་མཚམས་སྐྱིན་ཚབ་འཇལ་སློག་ཡོང་རྒྱུ་བཅས་དེ་དགོན་དགོངས་འཇགས་ཞུ་ཞེས་གསུངས་འདུག།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎