ཨེ་ཊ་ལི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
2019.07.09
དབུས་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་མཆོག་དང་ཨེ་ཊ་ལི་ཡི་(Senta Luce)་ས་གནས་ཀྱི་སྤྱི་ཁྱབ་རྣམ་གཉིས་ལྷན་དུ་ཨེ་ཊ་ལི་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
དེ་ཡང་ཨེ་ཊ་ལི་(Italy)་ཡི་(Pisa)་ཞིང་ཆེན་གྱི་(Senta Luce)་ ཡི་(Pomaia)་ཞེས་པའི་གྲོང་སྡེའི་ནང་། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༤ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་(Santa Luce)་ཡི་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་(Giamila Carli)་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམ་གཉིས་མཉམ་ཞུགས་གནང་བ་མ་ཟད། གྲོང་སྡེ་སྤྱི་ཁྱབ་པ་ལྕམ་(Giamila Carli)་མཆོག་གིས། ༧གོང་ས་མཆོག་གི་སྐུ་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་བཤད་གནང་བའི་སྐབས། ༢༠༡༧་ནང་ས་གནས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ས་གནས་དེའི་མི་སེར་གྱི་ཆེ་བསྟོད་ཕུལ་བའི་སྐོར་གསུངས་སྟེ། དེ་སྔ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Italy)་ས་གནས་དེའི་ནང་ཆིབས་བསྒྱུར་བསྐྱང་པའི་སྐོར་དྲན་གསོ་ཞུས་ཡོད་པ་རེད།
ད་དུང་ཁོང་གིས་ས་གནས་དེའི་ནང་དུ་ཡོད་པའི་བོད་མི་ཚོར་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་ལ། ཁོང་གིས་བོད་མིའི་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐག་གཅོད་གནང་སྟངས་ནི་དཔལ་འབྱོར་གྱི་ཁེ་ཕན་ལ་མ་ལྟོས་པར་དོན་དངོས་ཀྱི་གནས་སྟངས་ལ་གཟིགས་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། (Italy)་ནི་ཁོང་ཚོའི་རྒྱལ་ཁབ་ཡིན་པ་དང་རང་དབང་ནི་ཁོང་གི་རྒྱལ་ཁབ་ཀྱི་ཁྲིམས་ཡིན་པའི་སྐོར་གསུངས་ཡོད་པ་རེད།
སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གྲོང་སྡེ་སྤྱི་ཁྱབ་པས་བོད་མིའི་ཐོག་ལ་གཟིགས་རྟོགས་དང་རྒྱབ་སྐྱོར་ལ་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ཚོས་ཀྱང་དེ་ལྟར་ལག་བསྟར་གནང་དགོས་གལ་ཆེ་ཞིང་། དགུང་གྲངས་༨༤ ཕེབས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་དེའི་ནང་འགྲོ་བ་མི་རྣམས་ལ་བྱམས་བརྩེ་སྐྲུན་ཐབས་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་པ་དང་། སྐུ་ཚེ་ཡུན་རིང་བཞུགས་རྒྱུ་ང་ཚོས་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།