ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་༧གོང་ས་མཆོག་གིས་འཚམས་འདྲི།


2019.07.18
ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula Von der Leyen) ་མཆོག ༢༠༡༩།༧།༡༦ ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula Von der Leyen) ་མཆོག ༢༠༡༩།༧།༡༦
AP

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་བར་རྟེན་འབྲེལ་གྱི་འཚམས་འཕྲིན་སྩལ་འདུག
ཇར་མན་ཎི་ནས་ཡིན་པའི་ལྕམ་(Ursula Von der Leyen)་ལགས་ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་གནང་བའི་ནང་། ངས་གོ་སྐབས་འདི་བརྒྱུད་ནས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་འདས་པའི་མི་ལོ་༦༠ལྷག་རིང་སྙིང་སྟོབས་ཆེན་པོའི་ཐོག་ནས་ཚོགས་མི་རྒྱལ་ཁབ་རྣམས་དང་། མངའ་ཁུལ་གྱི་ཞི་བདེ་གཅེས་སྲུང་གནང་བར་སྐུ་ཉིད་ལ་ཡི་རངས་བསྔགས་བརྗོད་ཞུ་གིན་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས། ཐོག་མར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གསར་འཛུགས་གནང་མཁན་གྱི་དམིགས་ཡུལ་གཞིར་བཟུང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་སྙིང་སྟོབས་ངང་མི་སྒེར་དང་། རྒྱལ་ཁབ་གཅིག་གི་ཁེ་ཕན་ལ་མ་གཟིགས་པར་ཐུན་མོང་ལ་ཕན་ཐོགས་ཡོང་ཆེད་བར་འདུམ་འགྲིགས་འཇགས་དང་། མཉམ་མཐུན་གྱི་ཕྱག་ལས་གནང་ཡོད་པ་བསྔགས་བརྗོད་ཞུ་རྒྱུ་དང་། དེས་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་པའི་གཅིག་ལ་གཅིག་རྟེན་གྱི་འཛམ་གླིང་འདི་བཞིན་རྣམ་དཔྱོད་དང་། གུ་ཡངས་བསམ་བློ་ཡར་རྒྱས་ཕྱིན་པ་ནི་ར་འཕྲོད་གསལ་པོ་ཞིག་རེད། ངས་རྒྱུན་དུ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལྟ་བུ་ཨ་ཧྥི་རི་ཀའི་ཡུལ་དང་། ལ་ཊན་ཨ་མི་རི་ཀ དེ་བཞིན་ཨེ་ཤེ་ཡའི་ནང་བྱུང་ནས་རྒྱལ་སྤྱིའི་ནང་ཞི་བདེ་བརྟན་པོ་ཞིག་བྱུང་ན་དགོངས་ཀྱི་ཡོད་ཅེས་གསུངས་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་བེུད་ཚོགས་གཙོ་དང་པོར་བསྐོ་བཞག་བྱུང་བར་ངས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་གིན་ཡོད། གལ་སྲིད་བེུད་ཀྱི་དབུ་ཁྲིད་མང་བ་བྱུང་ཚེ་འཛམ་གླིང་འདི་གནས་ལུགས་གོ་རྟོགས་ཆེ་ཙམ་དང་། ཞི་བདེ་བག་ཕེབས་ཀྱི་གནས་ཤིག་ཆགས་པར་ངས་རྒྱུན་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དེ་བཞིན་སྲ་བརྟན་དང་། གཞན་གྱིས་མིག་དཔེ་བལྟས་ནས་རྗེས་སུ་འཇུག་ཐབས་སུ། སྐུ་ཉིད་ཀྱིས་གདོང་ལེན་གང་གནང་དགོས་པ་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་གི་ཡོད་ཅེས་སྤྱི་བསྒྲགས་གསུངས་འཕྲིན་དེའི་ནང་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎