༧གོང་ས་མཆོག་གིས་ཨ་རིའི་ཧ་ཝ་ཡེ་མངའ་སྡེའི་གནོད་ཐེབས་མི་མང་ལ་ཐུགས་གསོ་མཛད་འདུག

2023.08.11
༧གོང་ས་མཆོག་གིས་ཨ་རིའི་ཧ་ཝ་ཡེ་མངའ་སྡེའི་གནོད་ཐེབས་མི་མང་ལ་ཐུགས་གསོ་མཛད་འདུག
JHook/Civil Beat

དེ་ཡང་ཨ་རིའི་ཧ་ཝ་ཡེ་(Hawii)་གླིང་ཕྲན་མངའ་སྡེའི་ནང་རི་མེ་ཤོར་ནས་ས་གནས་གང་སར་གོད་ཆགས་ཚབས་ཆེན་བྱུང་བར་བརྟེན། འདི་ཚེས་༡༡ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Josh Green)་ལགས་ཀྱི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་སྩལ་བའི་ནང་། ཧ་ཝ་ཡེ་མངའ་སྡེའི་མཚོ་གླིང་(Maui)་ནང་གློ་བུར་རི་མེ་ཤོར་བའི་གོད་ཆག་འོག་མི་རྒྱུ་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་པར་ཐུགས་ཕམ་ཡོད། དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་གྱུར་བའི་ནང་མི་ཡོངས་དང་གོད་ཆག་ཕོག་མཁན་ཡོངས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་མཁན་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག
ད་དུང་༧གོང་ས་མཆོག་གིས། མགོན་པོ་གང་ཉིད་དེ་སྔ་ཧ་ཝ་ཡེ་མངའ་སྡེའི་ནང་ཐེངས་འགའ་ཤས་བསྐྱོད་མྱོང་སྐབས། མངའ་སྡེའི་མི་མང་ཚོས་གང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཕྱོགས་དང་། ཆོས་ལུགས་མཐུན་སྒྲིལ་གྱི་ལས་དོན་ཐོག་དོ་སྣང་ཤུགས་ཆེ་གནང་བ་དེར་ཡིད་སྨོན་གནང་གི་ཡོད་ཅེས་དང་། ད་རེས་རང་བྱུང་གི་གོད་ཆག་ཕོག་མི་རྣམས་ལ་ཨ་མི་རི་ཀའི་དབུས་གཞུང་དང་། མངའ་སྡེ་དང་ས་གནས་ཀྱི་གཞུང་ཁག་གིས་ས་གནས་སུ་དགོས་ངེས་ཀྱི་རོགས་སྐྱོར་དང་ཛ་དྲག་ཉེན་སྐྱོབ་གནང་བཞིན་པ་ངེས་བས་བསྔོ་སྨོན་ཡོད་པ་ཐུགས་གསོའི་ཕྱག་བྲིས་སྩལ་འདུག
ཨ་མི་རི་ཀའི་གླིང་ཕྲན་མངའ་སྡེ་ཧ་ཝ་ཡེ་(Hawii)་དང་དེའི་(Maui)་མཚོ་གླིང་དུ། སྤྱི་ཟླ་༨ པའི་ཚེས་༨ཉིན་ནས་གློ་བུར་དུ་རི་མེ་ཤུགས་ཆེན་ཤོར་ནས་ས་གནས་གང་སར་གོད་ཆག་ཚབས་ཆེན་ཕོག་པའི་ཁྲོད། འདི་ཚེས་༡༡བར་ཉུང་མཐར་མི་གྲངས་༥༥རྐྱེན་འདས་སུ་སོང་བ་དང་། མི་གྲངས་སྟོང་ཕྲག་བརྒལ་བ་བོར་བརླག་སོང་བ། ཁང་ཁྱིམ་ཁྲི་ཚོ་མང་པོ་མེ་ཡིས་འཚིག་ཡོད་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཟི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཁག་ཅིག་སྡེ་དགེ་རྫོང་དུ་སླེབས་པ་དང་དབོན་སྟོད་ནས་འཛིན་བཟུང་བྱས་པའི་བོད་མི་ཚོར་ཉེས་རྡུང་དྲག་པོ་བཏང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎