ང་ཚོ་བོད་ཀྱི་བདེན་དོན་འདི་ནམ་ཡང་གསུབ་ཏུ་མེད། ༧གོང་ས་མཆོག་གིས།

2019-02-04
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019/2/4
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019/2/4
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་བོད་ཀྱི་ལོ་སར་ལ་འཚམས་འདྲི་མཛད་འདུག
འདི་ཚེས་༤་རེས་གཟའ་ཟླ་བ་སྟེ་གནམ་གང་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་ཆེ་གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་མངགས་བརྗོད་གནང་པ་དང་། བོད་ཕྱི་ནང་གི་བོད་མི་ཚོར་བོད་ཀྱི་ལོ་གསར་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་སྩལ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་དེ་བཞུགས་སྒར་ཁུལ་དུ་གནས་འཁོད་བོད་མི་ལོ་ན་དགུ་བཅུ་བརྒལ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་བར་དུ་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་བདེ་ཐང་ངང་ཞུགས་ཡོད་པར་མ་ཟད། དགུང་ལོ་བརྒྱ་ཡན་ལ་ཞུགས་ཐུབ་པའི་ཐུགས་སྨོན་གནང་གི་ཡོད་པར་མ་ཟད། ཕལ་ཆེར་ཞུགས་རྒྱུ་ཡིན་པ་ཡང་དགོངས་ཀྱི་ཡོད་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ས་ཡ་དྲུག་ནས་བདུན་བར་ཡོད་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། དུས་ཚོད་ཁག་པོ་འདིའི་སྐབས་སུ་ཧུར་ཐག་བྱས་པའི་འབྲས་བུར་དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ནི་དེང་དུས་ཚན་རིག་དང་མཐུན་པ་ཞིག་ཡོད་པར་ངོས་ལེན་བྱེད་བཞིན་པ་དེ་བྱུང་ཡིན་པ་བཀའ་གནང་ཡོད་པ་རེད།  ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གཙོ་ཆེར་གཞིས་ལུས་རྒྱ་ཆེའི་མི་མང་གིས་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཐོག་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཡག་པོ་པ་བཀའ་གནང་པ་དང་། བོད་སིལ་བུར་ཐོར་སྟེ་གནས་སྐབས་བོད་མི་ཚོར་དཀའ་སྡུག་ཧ་ཅང་ཆེན་པོ་བྱུང་བ་དང་། ད་ལྟའི་དུས་སྐབས་འདིར་རྐྱེན་ངན་གྲོགས་སུ་ཤར་ནས་བོད་ཆོལ་ཁ་གསུམ་གྱི་མི་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པར་གནས་ཡོད་པ་འདི་ནི་ཧ་ལས་པ་ཞིག་ཡིན་པས། གཞིས་ལུས་རྒྱ་ཆེ་མི་མང་ཚོས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་པ་དེར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ཞེས་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་འདི་ནམ་ཡང་གསུབ་ཏུ་མེད་པ་ཞིག་ཡིན་པ་དང་། བདེན་པ་ཟེར་བ་འདི་ནི་དུས་ཚོད་རིང་པོ་ཇི་ཙམ་སོང་བ་དེ་ཚོད་ཀྱི་ནུས་པ་ཇེ་གསལ་དུ་འགྲོ་བ་ཡིན།  བདེན་པར་གནོན་མཁན་གོ་མཚོན་ཡིན། གོ་མཚོན་ཟེར་བ་དེས་འཕྲལ་སེལ་ཙམ་མི་ལ་བཟོ་ལྟ་བཟོ་བ་མ་གཏོགས་ཡུན་རིང་པོར་གནས་ཐུབ་ཐབས་མེད་པ་བཀའ་སྩལ་བ་དང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་འདི་གོ་མཚོན་ཁྱེར་ནས་རྩོད་ཀྱི་མེད་པ་དང་། ང་ཚོས་ནི་བདེན་པའི་ནུས་པ་ཁྱེར་ནས་བདེན་དོན་རྩོད་བཞིན་ཡོད་སྟབས། གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ཀྱང་བློ་བདེ་པོ་དང་ སེམས་སྐྱིད་པོ་བྱས་སྡོད་དགོས་པའི་བཀའ་སློབ་ཕེབས་པ་དང་དུས་མཚུངས་བྱེས་འཁོད་རྒྱ་ཆེའི་མི་མང་ཚོར་མཚོན་ནའང་ཡག་ཐག་ཆོད་ཡིན་པ་དང་། མི་རབས་བརྗེ་བཞིན་ཡོད་ན་ཡང་བོད་མི་རིགས་ཀྱི་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་བདེན་དོན་དེ་དག་བཙན་བྱོལ་བོད་མི་ཚོས་ལྷག་བསམ་རྩེ་གཅིག ཞུམ་པ་མེད་པའི་སྙིང་སྟོབས་སྒོ་ནས་ཧུར་ཐག་འབད་ཐག་བྱས་པར་ཐུགས་རྗེ་ཆེ་ཞེས་ཀྱང་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།