༸གོང་ས་མཆོག་ནིའུ་ཡོག་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་བ།

2024.07.08
༸གོང་ས་མཆོག་ནིའུ་ཡོག་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་བ། ༸གོང་ས་མཆོག་ནིའུ་ཡོག་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་བ།
སྒྲིག་བཟོ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་ཉིན་གྲངས་བཅུ་ཙམ་འགྲོ་བཞིན་པའི་མཚམས་ཏེ།      སྤྱི་ཟླ་༧ཚེས་༨ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་༧ ཙམ་གྱི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ནིའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་ནས་ས་གནས་གཞན་ཞིག་ཏུ་སྐུ་ལྷོད་བཞུགས་ཆེད་ཆིབས་བསྒྱུར་གནང་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉེ་ཆར་ཨ་རིར་ཞབས་བསོར་འཁོད་པའི་སྐབས་སུ་བོད་མི་ཁྲི་ཚོ་མང་པོ་འདུ་འཛོམས་ཀྱིས་ཕེབས་བསུ་ཞུས་ཡོད་པས་མ་ཟད། ཉིན་ལྟར་བཞུགས་གནས་མགྲོན་ཁང་ལ་ཕྱག་མཆོད་འབུལ་དང་སྐོར་རྭ་གསོག་མཁན་ཧ་ཅང་མང་པོ་བྱུང་ནས། ད་ཆ་བཞུགས་གནས་མགྲོན་ཁང་དེ་ཉིད་དགོན་པ་ལྟ་བུར་འགྱུར་ཡོད་པ་རེད་འདུག

ལྷག་པར་དུ་ཉིན་འདི་གར་གནམ་གཤིས་ཚ་བ་ཆེ་བས་སྐོར་རར་སྐྱོད་མཁན་ཚོར་འཐུང་ཆུ་མཁོ་འདོན་དང་། དེ་བཞིན་གསང་སྤྱོད་སོགས་བཀོད་སྒྲིག་གིས་དང་བླངས་ཕྱག་ལས་གནང་མཁན་ཡང་ཧ་ཅང་མང་པོ་བྱུང་ཡོད་པ་རེད།།

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎