༧གོང་ས་མཆོག་ཨ་རིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་ད་ལྟའི་ཆར་ཞབས་པུས་སྨན་བཅོས་ལས་མཛད་འཆར་གཞན་པ་གང་ཡང་མེད་པ་རེད་འདུག

2024.06.24
༧གོང་ས་མཆོག་ཨ་རིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་ད་ལྟའི་ཆར་ཞབས་པུས་སྨན་བཅོས་ལས་མཛད་འཆར་གཞན་པ་གང་ཡང་མེད་པ་རེད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༠༦།༢༣།༢༠༢༤
Sonam Zoksang /OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་པུས་སྨན་བཅོས་ཆེད་ཕྱི་ཟླ་དྲུག་པའི་ཚེས་༢༣ཉིན་མི་མང་སྟོང་ཕྲག་མང་པོའི་ཕེབས་བསུའི་ཁྲོད་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་སུ་ཁ་པར་བརྒྱུད་ནས་བཅར་འདྲི་ཞུ་སྐབས། ད་ལྟའི་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་གནང་རྒྱུ་ལས་གཞན་མཛད་འཆར་གང་ཡང་མེད་པ་འགྲེལ་བརྗོད་གནང་བ་དང་མཉམ། དམིགས་བསལ་བོད་མི་གཙོས་དད་ལྡན་པ་མང་པོ་གནམ་ཐང་དང་མགྲོན་ཁང་མདུན་བཅས་སུ་ཕེབས་བསུར་བཅར་མཁན་ཧ་ཅང་མང་པོ་བྱུང་བ་དང་། ཕེབས་བསུ་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།

Holiness dalai lama Arrives in New York City (1).jpg
ནིའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་མདུན་དུ་༧དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། རྒྱ་གར་གཞུང་གི་སྐུ་ཚབ། གཞན་མཁན་བླ་སྤྲུལ་སྐུ་གཙོ་བོར་གྱུར་བའི་མི་གཅིག་ཁྲི་བརྒལ་བ་ཕེབས་བསུར་བཅར་ཡོད་པ་འགྲེལ་བརྗོད་གནང་ཞིང་། དེ་བཞིན་ནིའུ་ཇར་སིའི་གནམ་ཐང་དུ་ཕེབས་བསུར་བཅར་མཁན་མཁན་བླ་སྤྲུལ་སྐུ་གཙོ་བོར་གྱུར་བའི་མི་ཧ་ཅང་མང་བོ་འཛོམས་ཡོད་པ་བཅས་འགྲེལ་བརྗོད་གནང་སོང་།
ནིའུ་ཡོག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་གཙོ་བོར་གྱུར་པའི་ཚོགས་སྐྱིད་ཁག་གིས་གོ་སྒྲིག་འོག་འདས་པའི་བདུན་ཕྲག་འགའ་ཤས་ཀྱི་རིང་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་རིགས་སོགས་དད་ལྡན་པ་ཚོས་ད་རེས་ཞབས་པུས་སྨན་བཅོས་ལམ་ལྷོང་ཡོང་ཆེད་སྐུ་ཕྱའི་ཞབས་རིམ་སྒྲུབ་བཞིན་ཡོད་པ་རེད།


གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སློབ་གྲྭའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གཙོས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎