བོད་ཀྱི་གསོ་རིག་དང་ཚན་རིག་གཉིས་མཉམ་དུ་འབྲེལ་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།


2019.07.19
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་མཐར་ཕྱིན་སློབ་མ་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་སྐབས། ༢༠༡༩།༧།༡༩ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་མཐར་ཕྱིན་སློབ་མ་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་སྐབས། ༢༠༡༩།༧།༡༩
OHHDL

བོད་ཀྱི་གསོ་རིག་དང་དེང་དུས་ཚན་རིག་གཉིས་མཉམ་དུ་འབྲེལ་རྒྱུ་གལ་ཆེན་ཡིན་པ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་མཐར་ཕྱིན་སློབ་མ་མཇལ་བཅར་བ་ཚོར་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་ཕོ་བྲང་དུ་འདི་ཚེས་༡༩་ཉིན། བོད་ཀྱི་སྨན་རྩིས་ཁང་ནས་བསླབ་པ་མཐར་སོན་པའི་སློབ་ཕྲུག་ཚོར་མཇལ་ཁའི་སྐབས། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་འདི་བཞིན་བོད་པའི་ཤེས་ཡོན་དང་། མཚན་མཐོང་ལ་རྒྱ། མི་ལ་དངོས་སུ་ཕན་ཐོག་ཡོད་པ་ཞིག་སོང་ཙང་བོད་སྨན་འདི་གལ་ཆེན་པོ་རེད། ཡིན་ནའང་འཆར་ཅན་ལྟབུ་མ་ཡིན་པར་བོད་ཀྱི་གསོ་རིག་པའི་ནང་གི་རྫས་ཀྱི་ནུས་བ་དང་། ལུས་ཀྱི་འབྱུང་བ་ལྔའི་འགྲོ་སྟངས་སོགས་དེང་དུས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་རྩིས་ལ་དཀར་རྩིས་དང་ནག་རྩིས་སོགས་ཡོད་པས་དེའི་ཚོའི་ཐད་ཉམས་ཞིབ་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་བཀའ་སྩལ་འདུག
བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་སློབ་སྤྱི་བསྟན་པ་ཆོས་འཕེལ་ལགས་ཀྱིས་ད་རེས་ཀྱི་མཇལ་ཁ་འདི་བཞིན་སྨན་སློབ་སྐབས་བཅུ་དགུ་དང་རྩིས་སློབ་སྐབས་བཅུ་བཞི་པའི་སློབ་ཕྲུག་བསླབ་པ་མཐར་སོན་དང་། དེའི་རྗེས་ཉམས་གསོག་གི་དུས་ཡུན་གཙང་བའི་སློབ་ཕྲུག་ཚོའི་ཆེད་དུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་ངོ་སྤྲོད་གནང་བྱུང་།
མཇལ་བཅར་རྗེས་བསླབ་པ་མཐར་སོན་གྱི་སློབ་མ་ཁག་ཅིག་གིས། ད་ཐེངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐལ་བཟང་གི་མཇལ་ཁ་ཐོབ་པ་དང་། བཀའ་སློབ་ཕེབས་པ་གཞིར་བཟུང་གསོ་རིག་ཐོག་མུ་མཐུད་དུ་འབད་བཙོན་བྱ་རྒྱུ་ཡིན་པ་བརྗོད་ཀྱི་འདུག
སྔོན་མ་ཡིན་ན་སྨན་རྩིས་མཐོ་སློབ་ནས་སློབ་མ་ཐོན་ཐེངས་སྐབས་རེར་སློབ་ཕྲུག་༢༥་ཙམ་ཡོད་ཀྱང་འདི་ལོ་སློབ་ཕྲུག་གསུམ་བཅུ་དང་། རྩིས་སློབ་ནང་སློབ་མ་བཅུ་བཞི་ཐོན་ཐུབ་ཡོད་པ་བཅས་ནི་སྔར་ལས་མང་བ་ཆགས་ཡོད་པ་སྨན་རྩིས་ཁང་གི་མཐོ་སློབ་སློབ་སྤྱི་བསྟན་པ་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎