འགྲོ་བ་མི་རྣམས་ཀྱིས་དཀར་ཟས་མང་ཙམ་ལོངས་སུ་སྤྱོད་དགོས་པ་༧གོང་ས་མཆོག་གིས་འབོད་སྐུལ་མཛད་འདུག

2020-10-05
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 10/3/2020
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 10/3/2020
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུད་འགྲོའི་རང་དབང་གི་ཉིན་མོར་གསུང་འཕྲིན་ཞིག་སྩལ་བའི་ནང་། འགྲོ་བ་མི་རྣམས་ཀྱིས་དཀར་ཟས་མང་ཙམ་ལོངས་སུ་སྤྱོད་ཐབས་ཐད་འབད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གི་གསུང་འཕྲིན་ནང་། གལ་སྲིད་འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཁོ་ན་ལས་དུད་འགྲོ་སེམས་ཅན་རྩ་སྟོང་དུ་སོང་བ་ཡིན་ན། འཛམ་གླིང་དེ་གྲོགས་མེད་ཁེར་རྐྱང་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། དམིགས་བསལ་བོད་དང་སོག་ཡུལ་ལྟ་བུ་གནམ་གཤིས་གྲང་བའི་ཡུལ་དེ་དག་ནང་མི་དམངས་ཀྱི་འཚོ་བའི་ཐོན་ཁུངས་གཙོ་བོ་སེམས་ཅན་ལ་བརྟེན་བཞིན་ཡོད་པ་དང་། རྒྱ་གར་ལྟ་བུའི་རྒྱལ་ཁབ་ནང་སྔོ་ཚལ་ཐོན་ཁུངས་ཕྱུག་པོ་ཡིན་པར་བརྟེན་མི་མང་བས་སྔོ་ཚལ་རིགས་ལོངས་སུ་སྤྱོད་བཞིན་པ་དེས་འཛམ་གླིང་གི་ཡུལ་གྲུ་གཞན་ལ་སེམས་འགུལ་ཐེབས་རྒྱུ་རེད་ཅེས་དང་། འགྲོ་བ་མི་རྣམས་ཀྱིས་དཀར་ཟས་མང་ཙམ་ལོངས་སུ་སྤྱོད་ཐབས་ཐད་འབད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས་འདས་པའི་ལོ་འགའ་རིང་ནས་དགོན་པ་དང་སློབ་གྲྭ་ཁག་ནང་ཤ་མེད་སྔོ་ཚལ་གྱི་ཁ་ལག་གཏོང་དགོས་པའི་སྐུལ་མ་གནང་བཞིན་ཡོད་པ་དང་། སྔོ་ཚལ་དང་ཤིང་ཏོག་མང་དུ་ལོངས་སུ་སྤྱོད་པ་ཡིས། ཟས་རིགས་ཆ་སྙོམས་ཡོང་རྒྱུ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད།
འཛམ་གླིང་གི་དུད་འགྲོའི་ཉིན་མོ་ཞེས་པ་ནི་ལོ་ལྟར་ཕྱི་ཟླ་བཅུ་པའི་ཚེས་༤ཉིན་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་འདིའི་སྟེང་དུ་གནས་པའི་དུད་འགྲོ་སེམས་ཅན་སྲུང་སྐྱོབ་དང་། ཁོང་ཚོའི་བདེ་སྐྱིད་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།